ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲིར་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བས་རང་བྱུང་མཛེས་ལྗོངས་ཉམས་ལེན་ཐུབ་པ་མ་ཟད། ད་དུང་ཤ་མོ་དང་། བོད་ཕག རྡོ་ཁོག་བྱ་ཤ་སོགས་ཁྱད་ལྡན་ཞིམ་ཟས་ལོངས་སུ་སྤྱོད་ཆོག 2016ལོའི་ཟླ་5པར། ཉིང་ཁྲི་གྲོང་ཁྱེར་འདི་ཉིད་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་གཞུང་དོན་ཁང་གིས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ཚོད་ལྟའི་གྲོང་ཁྱེར་ཁག་གསུམ་པའི་ཁོངས་སུ་བཅུག་ནས་ས་ཁོངས་ཧྲིལ་པོ་དང་། འཁོར་སྦྲེལ་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་འདོམས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། “བཟའ་བཅའི་བདེ་འཇགས་ཀྱི་ཉིང་ཁྲིའི”སྤུས་རྟགས་བཏོད་པ་དང་ཉིང་ཁྲི་གྲོང་ཁྱེར་གྱིས“ནན་ཤོས་བཞི”ཡི་བླང་བྱ་གཞིར་བཟུང་འགན་འཁྲི་དང་། ལྟ་འདོམས། དྲིལ་བསྒྲགས་བཅས“མ་ལག་འཁོར་སྦྲེལ་ཆེ་གྲས་གསུམ”ཧུར་ཐག་བཙུགས་པས་བཟའ་བཅའི་བདེ་འཇགས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

འཁོར་སྦྲེལ་ཧྲིལ་པོའི་འགན་འཁྲིའི་མ་ལག་བཙུགས་ནས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ས་ཁོངས་ཧྲིལ་པོར་ཁྱབ་པར་བྱས་པ།

ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ལས་དོན་དེ་ལོ་འཁོར་གྱི་ལས་དོན་གཙོ་བོ་དང་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་དཔོག་དང་དེ་བཞིན་ཏང་ཨུད་དང་སྲིད་གཞུང་གིས་རྗེས་འདེད་སྒྲུབ་སྐུལ་བྱེད་པའི་འཆར་གཞིའི་ནང་བཅུག་སྟེ། བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཐད“སྤ་སེ་གཅིག་གིས་ཁྲ་སློག”པའི་ལམ་ལུགས་ལག་ལེན་བསྟར་ནས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་བྱས་པའི་འབྲེལ་ཡོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། 《ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་གྱི་ལག་བསྟར་ཇུས་གཞི》དང《ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གྱི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་གསལ་ཐོ》《ཉིང་ཁྲི་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ལམ་སྲོལ》སོགས་ཡིག་ཆ་བཀྲམ་ནས། 《བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེར》རིམ་པ་བཞིན་མིང་རྟགས་བཀོད་དེ་གྲོང་ཁྱེར་དང་། རྫོང(རྫོང་དང་ཆུས་7)ཤང(ཤང་དང་གྲོང་རྡལ་དང་ཁྲོམ་གཞུང་56)བཅས་རིམ་གསུམ་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་ཕྱོགས་ཡོངས་ལ་ཁྱབ་ཡོད།

ཕྱོགས་ཡོངས་ཀྱི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་རྣམ་པ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིག་ལྡན་ལྟ་འདོམས་ལ་སྐུལ་འདེད་གཏོང་རྒྱུ་ཚད་བརྒལ་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་དང་། གཉེར་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་ལྷུ་ཚིགས་ཁག་གི་ལྟ་འདོམས་དྲ་བ་ཚགས་དམ་དུ་བཏང་བ་དང་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཉིང་ཁྲི་གྲོང་ཁྱེར་གྱི་བཟའ་བཅའི་བདེ་འཇགས་ཀྱི་རྣམ་པ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་ནས་མཉམ་སྡེབ་རང་བཞིན་གྱི་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་རེད།

བཟའ་བཅའི་བདེ་འཇགས་སྔར་བས་འགན་ལེན་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་འབྱུང་རྩ་ནས་བཅོས་སྐྱོང་བྱས་ཏེ་ཕན་འབྲས་ཐོན་ཐུབ་པ་བྱས་པ་དང་འདེབས་འཛུགས་དང་གསོ་ཚགས་དང་། ཐོན་སྐྱེད། གཉེར་སྐྱོང་བཅས་ཀྱི་ལྷུ་ཚིགས་ཁག་ལ་འབྱུང་རྩ་ནས་ལྟ་འདོམས་བྱས་ཏེ། ཉེན་ཁ་ལྟ་ཞིབ་ཚད་ལེན་དང་འཐེན་བཤེར་གྱི་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་བཟའ་བཅའི་སྦགས་བཙོག་དང་དེ་བཞིན་བཟའ་བཅའི་གནོད་ཡོད་རྒྱུ་ཆའི་ཉེན་ཁ་དཔྱད་དཔོག་དང་ལྟ་ཞིབ་ཚད་ལེན་ཧུར་ཐག་བྱས་ཏེ། བཟའ་བཅའ་ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོ་དམ་འཛིན་བྱས་པས་ཞིང་སྨན་དང་ཕྱུགས་སྨན་གྱི་སྙིགས་རོའི་བརྟག་དཔྱད་ཚད་ལོན་ཚད་99.9%ཟིན་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་བརྟག་དཔྱད་ཚད་ལོན་ཚད་99.62%ཟིན་པ། བཟའ་བཅའི་མྱུར་བཤེར་དང་འཐེན་བཤེར་གྱི་ཚད་ལོན་ཚད་98%ཡན་ཟིན་པ། ཚད་གཞི་མ་ལོན་པའི་བཟའ་བཅར་ཞིབ་བཤེར་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་རྫུན་ལྷད་ཞན་གསུམ་དང་། དུག་དང་གནོད་ཡོད། ཚད་གཞི་མ་ལོན་པ་བཅས་ཀྱི་བཟའ་བཅའ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ཡོད། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱས་ཏེ། ཚོང་རྟགས་ཚད་མ་ལོན་པའི་ཐུམ་སྒྲིལ་བཟའ་བཅའ་སྤྱི་རྒྱ་5000ལྷག་ཙམ་ཚོང་སྒྲོམ་ནས་ཕབ་པས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའི་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་ཁའི་རིམ་པར་དཔྱད་བསྡུར་བྱེད་ཚད་100%ཟིན་པ་དང་བཟའ་བཅའི་བདེ་འཇགས་འཐེན་བཤེར་བྱེད་ཚད་དང་ཚད་ལོན་ཚད་གཉིས་ཀ་100%ཟིན་ཡོད།

ཐབས་ལམ་མང་པོ་ནས་དྲིལ་བསྒྲགས་བྱེད་པའི་མ་ལག་བཙུགས་ནས་སྤྱི་ཚོགས་ཡོངས་སུ་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་བཏོད་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས། མཚམས་ཚིགས་གཙོ་བོར་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཁག་དང་མཉམ་འབྲེལ་ཐོག་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཚན་རིག་དང་མཐུན་པའི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། བཟའ་བཅའི་ལས་རིགས་ཀྱི་ཁྲོམ་རའི་བྱེད་པོས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། ཁྲིམས་སྲུང་དང་ཡིད་ཆེས་བརྟན་གཏོང་གི་དྲང་ཕྱོགས་དཔེ་མཚོན་བཏོད་པ། མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱས་པ། ཁེ་དབང་སྲུང་སྐྱོང་གི་ནུས་པ་དང་ཚན་རིག་དང་མཐུན་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།