ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྟེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་བསྐྱར་དར་གྱི་ཆོད་སེམས་བརྟན་པོ་བཙུགས་ཏེ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱས་ཏེ་ལང་ཚོའི་དུས་ཚོད་དམ་འཛིན་ཧུར་ཐག་གིས་དེང་རབས་གཞོན་ནུའི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་ཀྲུང་ཧྭ་མི་རིཌ་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་ནས་སློབ་ཆེན་གཉེར་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་སློབ་ཆེན་སྐྲུན་པའི་ལམ་བུ་གསར་པ་ཞིག་གཏོད་དགོས”ཞེས་ནན་བཤད་གནང་ཡོད། དེའི་ཐད་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་མར་ལེ་རིང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཨའེ་ཕིང་གིས་གསར་བརྗེའི་ས་བོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་གཞག་གི་དམིགས་བསལ་ཐོན་ཁུངས་ཤིག་རེད། བོད་ཀྱི་མཐོ་སློབ་ཏུ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་སྤེལ་བར་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སློབ་གསོ་སློབ་ཁྲིད་ཁྲོད་ཁྱབ་པར་བྱས་ཏེ་གཞོན་ནུའི་སེམས་སུ་གསར་བརྗེའི་རིག་གནས་ཀྱི་ས་བོན་འདེབས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་རྗེས་སེམས་ཤུགས་ཆེན་པོ་བསྐྱེད་བྱུང་། བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན་པས། བསམ་བློ་རྟག་ཏུ་ལག་ལེན་དང་འབྲེལ་དགོས། གཞོན་ནུ་ལས་བྱེད་པ་ཡིན་པའི་ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱས་ཏེ་རིག་གནས་ཡག་པོ་སྦྱོང་བ་དང་། འཇོན་ཐང་ཡག་པོ་སྦྱོང་བ། ཏན་ཏིག་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་སྡེ་ཚོགས་ཆུས་ཨུད་ཀྱི་ལས་བྱེད་པ་ཅང་ཡུན་ཧྥེ་ཡིས་གསར་འགོད་པར་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གཞི་ཚུགས་པ་དང་ཀྲུང་གོའི་གཞོན་ནུའི་འབད་འཐབ་ཀྱི་དམིགས་ཚད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གཅིག་ཏུ་བསྡུས་ནས་བརྗོད་ན། དེ་ནི་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད། དེའི་ཐད་བོད་ལྗོངས་གསོ་རིག་སློབ་ཆེན་བོད་སྨན་ཚན་ཁག་གི་2019ལོའི་བོད་སྨན་འཛིན་གྲྭ་དང་པོའི་བསྟན་འཛིན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བོད་ཀྱི་ན་གཞོན་སློབ་མ་ཚོར་དུས་རབས་གསར་པར་བྱས་རྗེས་འཇོག་པར་དམིགས་ཚད་དང་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ཡིན་པའི་ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མེས་རྒྱལ་གྱི་ས་གཞི་ཆེ་མོར་རྩ་བ་ཚུགས་པ། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱས་ཏེ། རང་ཉིད་ཀྱིས་ཤེས་པ་དང་རང་ཉིད་ཀྱི་བསམ་ཕྱོགས་ལག་ལེན་ཁྲོད་སྤྱད་ནས་འབད་འཐབ་བྱེད་རིང་ལང་ཚོའི་སེམས་ཤུགས་འཕེལ་བ་དང་ལང་ཚོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།