ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2000ལྷག་ཙམ་ཟིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས《2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》(གཤམ་ལ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་ཞིང་འབྲོག་ལས་དང་། བཟོ་ལས། ཨར་སྐྲུན་ལས་རིགས། རྒྱལ་ནང་ཚོང་དོན། ཕྱི་ཕྱོགས་ཚོང་དོན། མི་དམངས་ཀྱི་འཚོ་བ་དང་སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་12ནས་རང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།

《སྤྱི་བསྒྲགས》ནང་མངོན་དོན། 2021ལོར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྤེལ་བ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འགག་སྒྲོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་2080.17ཟིན་ཏེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་གོང་མ་ལས་6.7%འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་56831(ལོ་རེའི་ཆ་སྙོམས་ཀྱི་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལྟར་རྩིས་ན་ཨ་སྒོར་8809ཡིན་པ)ཟིན་ནས་6.1%འཕར་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24950ཟིན་པ་དེ་ལོ་གོང་མ་ལས་14.7%འཕར་བ། མི་འབོར་དཔེ་འདེམས་ཀྱིས་བརྟག་དཔྱད་བྱས་པར་གཞིགས་ན། ལོ་མཇུག་ཏུ་ལྗོངས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི་366ཟིན་པ་དང་། ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་སྟོང་274.20ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་སྟོང་7.29མང་དུ་ཕྱིན་པ། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་106.15ཟིན་པ་དེ་ལོ་གོང་མ་ལས་3.2%འཕར་བ། ལོ་མཇུག་ཏུ་ཕྱུགས་རིགས་ལག་ཡོད་མགོ་གྲངས་ཁྲི་1692.52ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མགོ་གྲངས་ཁྲི་34.99མང་དུ་ཕྱིན་པ། ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་189.90ཟིན་པ་དེ་ལོ་གོང་མ་ལས་16.2%འཕར་བ། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་810.34ཟིན་པ་དེ་ལོ་གོང་མ་ལས་8.7%འཕར་བ། ལོ་ཧྲིལ་པོར་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་40.16ཟིན་པ་དེ་ལོ་གོང་མ་ལས་88.3%འཕར་བ། ལོ་མཇུག་ཏུ་གཞུང་ལམ་ཐོག་རླངས་འཁོར་ཤར་བགྲོད་ཐུབ་པའི་ལམ་ཐག་སྤྱི་ལེ་120726ཟིན་པ་དེ་ལོ་གོང་མ་ལས་སྤྱི་ལེ་1895འཕར་བ། ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4153.44ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་18.5%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།