ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གིས་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཏོད་པའི་སྐུལ་འདེད་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། གཙོ་གནད་འབུར་དུ་ཐོན་པ་དང་ཕན་ཚུན་གཞོགས་འདེགས་བྱེད་པ། ནུས་ལྡན་སྒོས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཏོད་པའི་ལས་དོན་ཁག་ལེགས་པོར་བསྒྲུབས་པ་རེད། 

ལྷོ་ཁ་གྲོང་ཁྱེར་གྱིས་གཅིག་གྱུར་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་གསར་གཏོད་ལས་དོན་གྱི་ཚུགས་གནས་རིམ་སྤོར་བྱས་ཤིང་། སྤྱི་ཡོངས་དང་། འཐབ་ཇུས། ཆབ་སྲིད་བཅས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་གནད་འཁེལ་བཀོད་སྒྲིག་ཞིབ་ཚགས་བྱས་ནས། གསར་གཏོད་ལས་དོན་གྱི་ཕན་འབྲས་དངོས་ཏན་ཏིག་གིས་ཆེ་རུ་བཏང་ཡོད། མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཆེད་དོན་འཛིན་གྲྭའི་སྐུལ་འདེད་བླང་བྱ་དོན་འཁྱོལ་བྱས་ཏེ། དུས་ཐོག་ཏུ་མགོ་ཁྲིད་ཚན་ཆུང་དང་ལས་དོན་ཆེད་སྒྲུབ་འཛིན་གྲྭ་འཛུགས་པ་དང་། ལམ་ལུགས་དང་ལམ་སྲོལ་ཁག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཏོད་པའི་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྔར་བས་སྐུལ་འདེད་བཏང་ཞིང་། གནད་འཁེལ་ཇུས་འདོན་གྱིས་ལས་དོན་དམིགས་ཚད་དང་ལས་འགན་ཁ་གསལ་བཟོ་བ་དང་། ཇུས་གཞི་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བར་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་གྱི་གཏན་འབེབས་བྱ་སྤྱོད་མངོན་དགོས་ལ། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་གྱིས་རང་འདེམས་བྱ་སྤྱོད་བཏོན་ཏེ་མཛུབ་སྟོན་ཐུབ་པ་དང་བཀོལ་སྤྱོད་བྱས་ཆོག་པ། དོན་འཁྱོལ་ཐུབ་པ། ལག་བསྟར་བྱས་ཆོག་པ་བཅས་ཀྱི་ངོ་བོའི་རང་བཞིན་གྱི་ཇུས་གཞི་འདོན་དགོས། གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གསར་གཏོད་ལས་དོན་གྱི་ཕན་འབྲས་ལ་འགན་ལེན་བྱེད་པ་དང་། གཞི་རྟེན་དང་བྱེད་སྟངས་སྔར་བས་གསར་གཏོད་བྱེད་པ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཞུགས་སྤྲོ་བ་དང་ཞུགས་བདེ་བའི་གསར་གཏོད་བྱ་འགུལ་སྤེལ་བ་དང་། དངོས་གཞི་ཅན་དང་རྣམ་གྲངས་ཅན། གསལ་ཐོ་ཅན། བརྒྱུད་རིམ་ཅན་བཅས་ཀྱི་གསར་གཏོད་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་སྐུལ་སློང་བྱས་ཏེ་གསར་གཏོད་ལས་དོན་གྱི་ཚ་རླབས་གསར་པ་ཞིག་འཕྱུར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་ཤེས་བྱ་དང་གསར་གཏོད་ལས་དོན་ཁྲོད་ཀྱི་ཉམས་མྱོང་ལེགས་པོ་དང་བྱེད་ཐབས་བཟང་པོ་དྲིལ་སྒྲོག་གཏིང་ཟབ་བྱེད་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བཏོད་པ་དང་། གྲོང་ཁྱེར་ཡོངས་ཐུན་མོང་ཐོག་ཟབ་ཞུགས་བྱེད་པའི་རྣམ་པ་བཟང་པོ་དང་རྒྱུན་སྲིང་གི་སྒུལ་ཤུགས་ཧུར་ཐག་གིས་གྲུབ་པར་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།