ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཕན་སྟོབས་ཤུགས་ཀྱིས་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1310574680_16509638252311n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐཱན་ཉུང་འཚོ་བར་འགན་ལེན་གཏིང་ཟབ་བྱ་ཆེད། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག ཉེ་སྔོན་བོད་ལྗོངས་པེ་ཅིང་ཚོང་ཚོགས་ཀྱིས་དང་བླངས་པ་བརྒྱ་ལྷག་སྒྲིག་འཛུགས་བྱས་ཏེ་སྣེའུ་གསར་ཁུལ་གྱི་ལྷོ་རིའི་སྤྱི་གླིང་དུ་སྤྱི་ཕན་སྡོང་འཛུགས་བྱ་འགུལ་སྤེལ་བ་རེད།

1310574680_16509638252781n.jpg

ཐེངས་འདིའི་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་གྱིས་བསྡོམས་པས་ཡུན་ཧྲན་གསོམ་ཤིང་དང་། མངར་འབྲས། ཀུ་ཤུའི་སྡོང་པོ། ཨ་གར་སོགས་སྡོང་རྐང2000ལྷག་འདེབས་འཛུགས་བྱས་ཡོད། དང་བླངས་པས་ད་དུང་དུས་བཅད་ལྟར་རྒྱུན་གཏན་གྱི་བདག་སྐྱོང་ལས་དོན་སྤེལ་ནས་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་རེད།

1310574680_16509638253401n.jpg

རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིའི་ཆ་ཤས་ཞིག་ཡིན་པའི་ཆ་ནས། དེ་ནི་བོད་ལྗོངས་ཀྱི་གྲོག་རོང་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གཞི་ཐོག་མ་དེ་ཡིན་ལ། དེས་ཆུ་ཁུངས་གསོ་སྐྱོང་དང་། ས་ཆུ་སྲུང་འཛིན། ཐཱན་བརྟན་དབྱང་འདོན། མཁའ་དབུགས་གཙང་བཟོ་སོགས་ཀྱི་ཐད་སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད། ལས་གཞིའི་ལོ་རེའི་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི4980དང་། ཐཱན་བརྟན་ཚད་ཏུན་ཁྲི22.91། དབྱང་རླུང་འདོན་ཚད་ཏུན་ཁྲི19.30། ལུད་སྲུང་ཚད་ཏུན་ཁྲི2.71བཅས་གསར་སྣོན་བྱུང་ནས། ལོ་ཧྲིལ་བོའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར14.85ཟིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།