ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་དུས་ཚིགས་དང་པོར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་དུས་མཉམ་ལས10.0%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་འགག་སྒོ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། 2022ལོའི་དུས་ཚིགས་དང་པོར། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཚོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.35ཟིན་པ་དེ་དུས་མཉམ་ལས10.0%འཕར་ཡོད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར10.69ཟིན་པ་དང་། ཚོང་དོན་གྱི་གཏོང་མང་འདྲེན་ཉུང་གི་ཧེ་བག་སྒོར་དུང་ཕྱུར10.04ཟིན་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་དུས་ཚིགས་དང་པོའི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ནེ་པ་ལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་ལ་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཀྱང་ཡིན། བོད་ལྗོངས་དང་ནེ་པ་ལའི་དབར་གྱི་ཚོང་དོན་རིན་ཐང་སྒོར་དུང་ཕྱུར3.99ཟིན་པ་དང་། དེས་ཀྲུང་གོ་དང་ནེ་པ་ལའི་དབར་གྱི་ཚོང་དོན་རིན་ཐང་བསྡོམས་འབོར་གྱི13.0%བཟུང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཚོང་དོན་རོགས་ཟླ68ལ་སླེབས་པ་དང་། དེ་ན་ནིང་གི་དུས་མཉམ་ལས་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ཡོད་ལ། གཙོ་བོ་ནེ་པ་ལ་དང་ཁོང་ཀོ་སོགས་རེད།

དམངས་གཉེར་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་དུས་ཚིགས་དང་པོའི་ཕྱི་ཕྱོགས་ཚོང་དོན་ཁྲོད་གཙོ་ཤུགས་དམག་གི་ནུས་པ་བཏོན་ཏེ། ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར11.07ཟིན་ནས་ལྡབ2.1འཕར་ཡོད་ཅིང་། དེའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི97%ཡན་བཟུང་ཡོད། འཕྲུལ་གློག་ཐོན་རྫས་དང་། ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས། ལག་རྩལ་མཐོ་གསར་ཐོན་རྫས། ཞིང་ལས་ཐོན་རྫས་བཅས་ཕྱིར་གཏོང་གི་འཕར་ཚད་མངོན་གསལ་རེད།

ལྷ་ས་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་བསྡོམས་རྩིས་ཁོའོ་ཡི་ཁོའོ་ཀྲང་ཡོན་ཅིན་ཐའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། དུས་ཚིགས་དང་པོར། བོད་ལྗོངས་དང《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)ཁོངས་མིའི་རྒྱལ་ཁབ། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཚོང་དོན་རིན་ཐང་སོ་སོར་སྒོར་དུང་ཕྱུར1.56དང་སྒོར་དུང་ཕྱུར6.10ཟིན་ནས་ཅུང་ལེགས་པའི་སྒོ་ནས་འཕར་བ་མངོན་འགྱུར་བྱུང་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིRCEPཐོག་མའི་ཐོན་ཡུལ་གྱི་བདེན་དཔང2022ལོའི་ཟླ3པར་ལྷ་ས་འགག་སྒོའི་ཁོངས་གཏོགས་ཏེ་བར་སྐོར་འགག་སྒོའི་ཆོག་མཆན་བཀོད་ནས་སྤྲད་པ་དང་། དེས་བོད་ལྗོངས་ཁེ་ལས་ཀྱིསRCEPགྲོས་ཆོད་ཀྱི་སྒོ་ཁྲལ་ཉུང་དུ་གཏོང་བའི་གཟིགས་སྐྱོང་དངོས་སུ་ལོངས་སྤྱོད་ཐུབ་པར་ནུས་པ་ཐོན་ཡོད། 

ལྷ་ས་འགག་སྒོ་ཡིས་རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་སྡོམ་གྱི་རྒྱབ་ལྗོངས་ཆེན་པོའི་འོག ལྷ་ས་འགག་སྒོས་ནུས་ཤུགས་ཡོད་རྒུས་འགག་སྒོའི་རིམས་ནད་འགོག་སྡོམ་དང་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་སྤྱི་འདོམས་བྱེད་པའི་རྨང་གཞིའི་ཐོག ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་བྱེད་ཐབས་ཀྱི་ཕན་འབྲས་ལ་རྗེས་སྙེག་དཔྱད་དཔོག་བྱས་ནས། “གཅིག་ལ་གཅིག་གཏད”ཀྱི་འགག་སྒོ་དང་ཁེ་ལས་ཀྱི་འབྲེལ་གཏུག་མི་སྣའི་ལམ་ལུགས་བཙུགས་ཏེ། ཁེ་ལས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་ནས་བརྟན་བརླིང་ངང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།