ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“རིག་དཔལ་དར་བའི་བོད་ལྗོངས”ཞེས་པ་བོད་ལྗོངས་ཀྱི་རྩེར་སོན་དཔེ་ཀློག་གི་སྤུས་རྟགས་སུ་གྱུར་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“དམངས་ཡོངས་ཀྱི་དཔེ་ཀློག་གི་ལས་དོན་དར་སྤེལ་བཏང་ནས་རིག་དཔལ་དར་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལོ་མང་འཛུགས་སྐྲུན་བྱས་པ་བརྒྱུད“རིག་དཔལ་དར་བའི་བོད་ལྗོངསའདི་ཉིད་བོད་ལྗོངས་ཀྱི་རྩེར་སོན་དཔེ་ཀློག་གི་སྤུས་རྟགས་སུ་གྱུར་པ་དང་དམངས་ཡོངས་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་དྲ་རྒྱའི་གཞི་ཁྱོན་རགས་ཙམ་ཆགས་ནས། དམངས་ཡོངས་དཔེ་ཀློག་ལ་ཞུགས་ཚད་སྔར་བས་མང་དུ་ཕྱིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་བོད་ལྗོངས་ཀྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས། ལྗོངས་ནོར་སྲིད་ཐིང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པ་11ལས་གྲུབ་པའི་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་དཔེ་ཀློག་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་དཔེ་ཀློག་ལས་དོན་གྱི་དུས་ཡུན་འབྲིང་རིང་གི་འཆར་འགོད(2015ལོ་ནས་2020ལོ་བར)》བཟོས་ཏེ“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་དཔེ་ཀློག་དེ་རིག་གནས་འཛུགས་སྐྱོང་འདུ་འགོད་གལ་ཆེན་ནང་བཅུག་པ་དང་། 2020ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་པ་དང་། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་རིག་གནས་ཐིང་སོགས་སྡེ་ཚན་13ལས་གྲུབ་པའི་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་དཔེ་ཀློག་ལས་དོན་གྱི་ཐིང་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། ལྗོངས་ཡོངས་ཀྱི་དམངས་ཡོངས་དཔེ་ཀློག་གི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་པ། དམངས་ཡོངས་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་གཞི་རྩའི་ཚད་གཞི་བཟོས་པ། དམངས་ཡོངས་དཔེ་ཀློག་ལས་དོན་ཁྲོད་ཀྱི་འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་པ་བཅས་རེད།

དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་དཔེ་སྐྲུན་ཁོངས་གཏོགས་ཀྱིས་མི་དམངས་ལ་དཔེ་དེབ་ཡག་པོ་འདོན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་དང་འཚོ་བའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཏེ། ལོ་ལྟར་ཆ་སྙོམས་བྱས་ན་རྒྱ་ཡིག་དང་བོད་ཡིག་གི་དཔེ་དེབ་དང་སྒྲ་བརྙན་གློག་རྡུལ་ཐོན་རྫས་རིགས་500ལྷག་ཙམ་པར་སྐྲུན་བྱེད་ཀྱི་ཡོད་པ་རེད།

མིག་སྔར་བོད་ལྗོངས་སུ་དཔེ་དེབ་དང་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་ཚན་པ་4ཡོད་པ་དང་། རྒྱ་ཡིག་དང་བོད་ཡིག་གི་ཚགས་པར་རིགས་24དང་། རྒྱ་ཡིག་དང་བོད་ཡིག་གི་དུས་དེབ་རིགས་40 དཔེ་སྐྲུན་དངོས་པོ་འགྲེམས་སྤེལ་ཚན་པ་219 ཞིང་པའི་དཔེ་དེབ་ཁང་5464 དགོན་སྡེའི་དཔེ་དེབ་ཁང་1787 རྫོང(ཆུས)ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་74 ཤང(གྲོང་རྡལ)ཕྱོགས་བསྡུས་རིག་གནས་ས་ཚིགས་692 གྲོང་ཁྱེར་དང་ས་ཁུལ་གྱི་དཔེ་མཛོད་ཁང་8བཅས་ཡོད་པས་དམངས་ཡོངས་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་དྲ་རྒྱའི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།