ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་ཐོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2ལྷག་མཁོ་འདོན་བྱས་ནས་དཔྱིད་རྨོད་འགན་ལེན་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མ་ནག་ཆུ་བེད་ལྟེ་བའི་དོ་དམ་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་མྱང་ཆུ་རྒྱུག་ཁུལ་གྱི་དཔྱིད་ཆུ་མཁོ་འདོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2022ལོའི་དཔྱིད་ཆུ་གཏོང་རིང་། མ་ནག་དང་གྲུམ་པ་གཡུ་མཚོའི་ཆུ་མཛོད་ནས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.4451གློད་དེ། མྱང་ཆུ་རྒྱུག་ཁུལ་གྱི་མུའུ་65ཡོད་པའི་ས་ཞིང་དང་། ནགས་ཚལ། རྩྭ་ཐང་བཅས་ལ་ཆུ་གཏོང་བའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ནས་འབྲུ་རིགས་ཐོན་འཕར་དང་། ཞིང་ལས་ཕན་འཕར། ཞིང་པར་འབབ་འཕར་བཅས་ཡོང་བའི་འགན་ལེན་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་དཔྱིད་ཆུ་གཏོང་རིང་། རང་སྐྱོང་ལྗོངས་མ་ནག་ཆུ་བེད་ལྟེ་བའི་དོ་དམ་ཅུས་ཀྱིས《མ་ནག་དང་གྲུམ་པ་གཡུ་མཚོའི་ཆུ་མཛོད་ཀྱི་མཉམ་འབྲེལ་བཀོད་གཏོང་ཇུས་གཞི》མཛུབ་ཁྲིད་དུ་བྱས་པ་དང《2021ལོའི་མ་ནག་དང་གྲུམ་པ་གཡུ་མཚོའི་ཆུ་མཛོད་ཀྱི་དཔྱིད་ཆུ་མཁོ་འདོན་འཆར་གཞི》གཞི་འཛིན་སར་བྱས་ནས། རྒྱུག་ཁུལ་གྱི་དོན་དངོས་ཆར་ཆུ་འབབ་ཚད་དང་ཆུ་བོའི་སྨད་རྒྱུད་ཀྱི་ཞིང་སའི་བཞའ་ཚན་ལ་གཞིགས་ནས་རིམ་རྩིས་བྱས་ཏེ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.2895གློད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་མཛོད་ཀྱི་ཆུའི་ཐོན་ཁུངས་བཀོད་གཏོང་བྱས་ཏེ། མྱང་ཆུ་རྒྱུག་ཁུལ་གྱི་དཔྱིད་ཆུ་མཁོ་འདོན་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།