ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གཙོ་གནད་རྣམ་གྲངས་ཀྱི་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་དམིགས་ཚད་ལས་འགན་ལ་གཞིགས་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་རྣམ་གྲངས་སྔ་ཙམ་ལས་འགོ་བསྐྱར་དུ་བཙུགས་པར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་དུ་བཙུགས་ནས་ལས་ཕྱོད་ཆེ་རུ་འགྲོ་ཐབས་བྱས་ཡོད། ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་བཅས་ཀྱི་གཙོ་གནད་རྣམ་གྲངས་ལ་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ལ་ཚུད་པའི་མ་འཇོག་དང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་སྲིད་གཞུང་གི་མ་འཇོག སྤྱི་ཚོགས་ཀྱི་མ་འཇོག བོད་སྐྱོར་མ་འཇོག་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་དོ་དམ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་སྤྱི་འདོམས་བྱས་ཏེ་མ་འཇོག་གི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་པ་རེད། ལོ་ཧྲིལ་པོའི་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་དམིགས་ཚད་ལ་གཞིགས་ནས། ལྷ་སའི་ལྷོ་རི་དང་བྱང་རིའི་ནགས་གསོ་སྔོ་འགྱུར་འདུ་འགོད་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་མང་ཚོགས་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་དང་། སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་ལ་བརྟེན་ནས་ཚད་བརྒལ་ཆེན་པོ་ཡོང་བར་སྐུལ་འདེད་བཏང་བ། མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་བཅས་བྱས་པ་རེད། ཐོན་ལས་འཁོར་འབྲེལ་གསབ་སྣོན་དང་ཐོན་ལས་འཁོར་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་རྩེ་གྲ་དང་སྟོབས་ཆེན་ནང་འདྲེན་གྱིས་གླིང་ཁུལ་འཛུགས་སྐྲུན་ལ་དམིགས་ཏེ། མ་དངུལ་བརྩོན་ལེན་གྱིས་རྣམ་གྲངས་འཛུགས་པའི་གཙོ་གནད་དེ་རྒྱལ་ཁབ་ཀྱི་མ་འཇོག་གཙོ་བོར་བྱེད་པ་དང་སྤྱི་ཚོགས་ཀྱི་མ་འཇོག་རམ་འདེགས་སུ་བྱེད་པ་ནས་རྒྱལ་ཁབ་ཀྱི་མ་འཇོག་དང་སྤྱི་ཚོགས་ཀྱི་མ་འཇོག་གལ་ཆེ་མཉམ་དུ་འཛིན་རྒྱུར་སྒྱུར་བཅོས་བྱས་པ་རེད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པ་དེ་སེམས་ལ་འཇོག་པ་དང་། འགན་འཁྲི་འཁུར་བ། དམ་འཛིན་ཡག་པོ་བཅས་བྱེད་པ་དང་། གཙོ་གནད་རྣམ་གྲངས་འགན་གཙང་ལེན་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྐྲུན་ཡུལ་གྱི་དགོས་མཁོ་བཞིན་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱས་པ་རེད། སྐུལ་གཏོང་སྐུལ་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། གསལ་ཐོ་རྣམ་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཟླ་འཁོར་དང་། དུས་འཁོར། ལོ་འཁོར་བཅས་ཀྱི་རྣམ་གྲངས་ལག་ལེན་གྱི་འཆར་གཞི་ཞིབ་ཕྲ་འགོད་པ། གཟའ་འཁོར་རེར་བཀོད་གཏོང་དང་། ཉིན་བཅུ་རེར་དབྱེ་ཞིབ། ཟླ་རེར་ཕྱོགས་སྡོམ་བཅས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་བཅས་རྣམ་གྲངས་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པ་རེད། ལྟ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ལྟ་སྐུལ་ཞིབ་བཤེར་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལས་དོན་སྒྲུབ་འགོར་བ་དང་འགན་སྒྲུབ་འཇོན་ཐང་ཞན་རིགས་ལ་དམར་འདོན་བརྡ་ཁྱབ་བཏང་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་རིཌ་ལ་གཟེངས་བསྟོད་དང་བྱ་དགའ་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།