ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀོང་པོ་རྒྱ་མདའ་རྫོང་གིས་དུས་ཡུན་ཉིན་བཅུ་ཡི་གྲོང་ཚོ(སྡེ་ཁུལ)ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་དོན་ཐད་གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་སོགས་ཀྱི་ཤེས་བྱ་ཡོད་པ་མ་ཟད་གསོ་སྦྱོང་བྱེད་རིང་གླེང་མོལ་སྤེལ་རེས་སོགས་སྟབས་བསྟུན་སྣ་མང་དང་ལྟ་འདོད་ལ་ཉན་སྤྲོ་བའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་ཚོས་སློབ་སྦྱོང་ལག་ལེན་ཁྲོད་སྦྱོང་བརྡར་ཐུབ་པ་དང་། སྦྱོང་བརྡར་ཁྲོད་འཚར་ལོངས། འཚར་ལོངས་ཁྲོད་བྱང་ཚད་མཐོ་རུ་འགྲོ་བ་བཅས་བྱས་ཡོད།

ཀོང་པོ་རྒྱ་མདའ་རྫོང་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཕུར་སྒྲོན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་བྱས་པ་བརྒྱུད་ཀོང་པོ་རྒྱ་མདའ་རྫོང་གི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་སྐད་ཡིག་སྤེལ་རེས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། ཚང་མས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་ཐད་སྔར་བས་ཤུགས་སྣོན་བརྒྱབ་ནས། རང་ཉིད་ཀྱི་སྐད་ཡིག་ནུས་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་སླད་ཕྱིན་དེ་བས་ལེགས་པའི་སྒོ་ནས་ལས་དོན་ཁག་ཡག་པོ་སྒྲུབ་པར་རྨང་གཞི་ཡག་པོ་འདིང་ཐུབ་པའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་བཟུང་། ཀོང་པོ་རྒྱ་མདའ་རྫོང་གིས་རྫོང་ཨུད་རྩ་འཛུགས་པུའུ་དང་རྫོང་ཨུད་ཏང་གི་སློབ་གྲྭའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་གཅིག་སྡུད་གསོ་སྦྱོང་དུས་ཐེངས་6གཉེར་བ་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་ཚང་མར་ཁྱབ་ཡོད། ཤང་གྲོང་དང་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་དོན་སློབ་སྦྱོང་དང་། མཚན་མོའི་སློབ་གྲྭར་སློབ་སྦྱོང་། མུ་ཁར་སློབ་སྦྱོང་སོགས་བྱེད་ཐབས་སྤྱད་པ་བརྒྱུད(གྲོང་ལྷན)གྱི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སྤྲོ་སེམས་འཕེལ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་གི་ཕན་འབྲས་ཐོན་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཉན་ཐུབ་པ་དང་། ཤོད་ཐུབ་པ། འབྲི་ཀློག་ཐུབ་པ་བཅས་ཀྱི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།