ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ལྷ་སས་སྤྱིལ་ཁྱིམ་ཁུལ་གྱི་དུད་ཚང2967སྒྱུར་བཀོད་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ནི་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དམངས་སེམས་ལས་གཞི་དང་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། གྲོང་མིའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་གྲོང་མིའི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་བ་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱེད་སྟངས་གཙོ་བོ་གཉིས་ཡོད་པ་སྟེ། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་སྤྱི་ཡོངས་སྒྱུར་བཀོད་བྱ་རྒྱུ་དེ་རེད། དེའི་ནང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱིས་གཙོ་བོ་སྤྱིལ་ཁྱིམ་ཁུལ་གྱི་ཆུ་མཁོ་སྤྲོད་ཕྱིར་འབུད་དང་། འགྲོ་ལམ། གྲོང་ཁྱེར་གྱི་སྒྲིག་བཀོད། ཉེན་ཡོད་ཁང་པ་སྐོར་གཅིག་སོགས་ལ་སྒྱུར་བཀོད་བྱ་རྒྱུ་དང་། སྤྱི་ཡོངས་སྒྱུར་བཀོད་ཀྱིས་སྤྱིལ་ཁྱིམ་ཁུལ་གྱི་ཁྱབ་ཁོངས་ནང་སྤྱི་ཡོངས་ནས་སྡོད་ཁང་བཤིག་རྒྱུ་དང་། གསར་སྤེལ་བསྐྱར་སྐྲུན་བྱས་ནས་བཀོད་སྒྲིག་བྱ་རྒྱུ་དེ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད2011ལོ་ནས་བཟུང་ལག་བསྟར་བྱེད་མགོ་ཚུགས་པ་དང་། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་བསྡོོམས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་རྣམ་གྲངས73དང་དུད་ཚང30748ལག་བསྟར་བྱས་ཤིང་། དེའི་ནང་དུད་ཚང25948ཀྱི་སྒྱུར་བཀོད་ལས་དོན་ལེགས་འགྲུབ་བྱུང་བ་དང་། དུད་ཚང4800འཛུགས་སྐྲུན་བྱེད་བཞིན་ཡོད། 2022ལོར་དུད་ཚང2967ལ་འཆར་གཞི་ལག་བསྟར་བྱ་རྩིས་ཡོད་པ་དང་། ཇུས་གཞི་ལེགས་སྒྲིག་བྱས་པའི་དབང་གིས་མིག་སྔར་བསྐྱར་དུ་མི་སྣ་སྒྲིག་འཛུགས་བྱས་ཏེ་འཆར་འགོད་ལས་དོན་སྤེལ་བཞིན་ཡོད།

སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བྱ་རྒྱུ་དེ་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོང་ཁྱེར་ཕྱོགས་སྒྱུར་རིམ་སྤོར་དང་རྣམ་པ་གསར་རྐྱང་དུ་སྒྱུར་བའི་སྐུལ་འདེད་བྱེད་རྫས་ཞིག་ཀྱང་རེད། འཕེལ་རིམ་ཁྲོད་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མང་ཚོགས་ཀྱི་བསམ་འདུན་ལ་ཉན་པ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་ཏེ་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ཀྱི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། དམངས་འཚོར་ཕན་འདོགས་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། རྗེས་མར། ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མགྱོགས་མྱུར་ཅན་གྱི་སྡེ་ཁག་མཉམ་འགུལ་མ་ལག་བཙུགས་ནས། དུས་བཀག་ལྟར་མཐུན་སྦྱོར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་མ་ཟད། “སྲིད་ཇུས་ཚད་འབེབས་དང་ཁུ་བསྡུ་ནུས་ཆེ”ཡི་རྩ་དོན་གཞིར་བཟུང་། “ལྗང་མདོག་ཞིབ་མཆན་གྱི་བགྲོད་ལམ”འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཞིབ་མཆན་གྱི་ལྷུ་ཚིགས་ཇེ་ཉུང་དུ་གཏོང་བ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ཀྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།