ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གཞི་རིམ་ནས་འོས་འགན་སྨན་བཅོས་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་སྔོན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་འབོར་དང་ལེགས་བཙའ་ལེགས་གསོའི་དྲིལ་སྒྲོག་སློབ་གསོ་ལྟེ་གནས་ཀྱིས“བདེ་ཐང་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན། དུས་རབས་གསར་པར་བདེ་ཐང་གི་རྒྱང་ལམ་གསར་པར་སྐྱོད”ཅེས་པའི་གཞི་རིམ་དུ་འོས་འགན་ནད་བཅོས་དང་རིག་རྩལ་འཁྲབ་སྟོན་གྱི་དམངས་འཚོར་ཕན་འདོགས་པའི་བྱ་འགུལ་སྤེལ།

འཁྲབ་སྟོན་དག་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་སྤེལ་ནས། ཏང་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་གི་དམངས་ཕན་སྲིད་ཇུས་དང་བདེ་ཐང་གི་ཚན་རྩལ་ཁྱབ་གདལ་ཤེས་བྱ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་རེད། བྱ་འགུལ་སྤེལ་བའི་ཡུལ་དངོས་སུ་ཆེད་མཁས་ཚོགས་པས་ནད་གཞི་བརྟག་དཔྱད་དང་། ཁྲག་མངར་དང་ཁྲག་ཤེད་ལྟ་བ། རིགས་སྣ་ཚོགས་ཀྱི་དྲིལ་སྒྲོག་དཔྱད་ཡིག་རིགས26དང་གྲངས་འབོར་ཆིག་སྟོང་ལྷག་འགྲེམ་གཏོང་བྱས།

ཤེས་གསལ་ལྟར་ན། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་རེར་གཞི་རིམ་དུ་འོས་འགན་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། ལྗོངས་རིམ་པའི་སྨན་བཅོས་ཆེད་མཁས་པ་གཅིག་སྡུད་མངགས་གཏོང་བྱས་ཏེ་འོས་འགན་སྨན་བཅོས་དང་། བདེ་ཐང་གི་དྲིས་ལན་འདེབས་པ། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བཅས་ཀྱི་ལས་དོན་སྤེལ་བས། དེ་ཉིད་བོད་ལྗོངས་ཀྱི་བདེ་ཐང་ཤེས་བྱ་ཁྱབ་གདལ་འགུལ་སྐྱོད་ཀྱི་ཟོང་རྟགས་སུ་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།