ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ནས་སོན་སྣ་ཁ་གསུམ་ལ་རྒྱལ་ཁབ་ཀྱི་སོན་གསར་པའི་ཐོ་འགོད་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་སྣ་ཁའི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཁང་གིས་འདེམས་གསོ་བྱས་པའི“བོད་ནས་ཨང་20”དང་། “བོད་ནས་ཨང་17”“བོད་ནས་ཨང་3000”བཅས་ནས་སོན་གསར་པ་3ལ་སོན་གསར་པའི་ཐོ་འགོད་བདེ་བླག་བྱས་པ་ལས་ནས་སོན་གསར་པ་གསུམ་པོ་དག་ཕྱིར་ཚོང་བྱེད་ཆོག་པ་དང་ཆབས་ཅིག་བོད་དུ་གཞི་ཁྱོན་ཆེན་པོས་དཔེ་སྟོན་ཁྱབ་གདལ་གཏོང་ཆོག་པ་མཚོན་ཡོད། སྐབས་དེ་དུས་རང་ལྗོངས་ཀྱི་ནས་ཀྱི་མུའུ་རེའི་ཐོན་ཚད་ཆ་སྙོམས་10%ཡན་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་རེ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སོན་གསར་པ“བོད་ནས་ཨང་20”ཡི་ལྗོངས་ཡོངས་ཀྱི་ས་ཁོངས་ཚོད་ལྟའི་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་315.3ཟིན་པ་དེ“ཧི་མ་ལ་ཨང་19”དང་བསྡུར་ན་12.1%འཕར་ཡོད། “བོད་ནས་ཨང་17”དེ་ས་བབ་མཐོ་ཚད་སྨི་4200ནས་4500བར་ཟིན་པའི་ཕྱེད་ཐན་ཁུལ་དང་མཐོ་གྲང་ཁུལ་དུ་འདེབས་འཛུགས་བྱས་ཏེ་མུའུ་རེའི་ཐོན་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་ཁུལ་ཁོངས་ཚོད་ལྟའི་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་320.5ཟིན་པ་དེ“ཧི་མ་ལ་ཨང་19”དང་བསྡུར་ན་13.9%འཕར་ཡོད། “བོད་ནས་ཨང་3000”གི་ལྗོངས་ཡོངས་ཀྱི་ཁུལ་ཁོངས་ཚོད་ལྟའི་མུའུ་རེའི་ཆ་སྙོམས་ཐོན་འབབ་སྤྱི་རྒྱ་291.1ཟིན་པ་དེ“བོད་ནས་ཨང་2000”དང་བསྡུར་ན་6.14%འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཁབ་ཀྱིས་ཐོ་འགོད་བྱས་པའི་ནས་ཀྱི་སོན་གསར་པ་3ལ་ཡུན་ནན་ཡོན་མོའུ་ཡི་གྲུབ་སྣོན་དང་རྒྱ་སྐྱེད་དང་། བོད་ཀྱི་སྐྱེ་ཁམས་ཀྱི་འཚམ་མཐུན་རང་བཞིན་གསལ་འབྱེད་དང་གདམ་གསེས་སོགས་སྐྱེད་སྲིང་བྱེད་ཐབས་གང་ལེགས་སྤྱད་པ་དང་། འདེམས་གསོའི་ལོ་ཚད་ལོ་11དང་། ལོ་11 ལོ་10བཅས་སོ་སོ་ཡིན་པ་རེད། རང་སྐྱོང་ལྗོངས་ཀྱིས་ནས་ཀྱི་སོན་བཟང་དཔེ་སྟོན་ཁྱབ་གདལ་གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། 2022ལོར་ལྗོངས་ཡོངས་སུ“བོད་ནས་ཨང་3000”གི་འདེབས་ཁྱོན་མུའུ་ཁྲི་9.2དཔེ་སྟོན་ཁྱབ་གདལ་བཏང་ནས་ལྗོངས་ཡོངས་ཀྱི་ནས་ཀྱི་འདེབས་ཁྱོན་གྱི་5%ཙམ་ཟིན་པ་བྱ་རྒྱུ་དང་། “བོད་ནས་ཨང་17”དེ་མུའུ་2000གི་དཔེ་སྟོན་ཁྱབ་གདལ་གཏོང་བ། “བོད་ནས་ཨང་20”ཡི་སོན་མུའུ་100མང་དུ་གཏོང་བ་བཅས་བྱ་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།