ལྷ་ཉིང་ལྕགས་ལམ་གྱིས་དོས་སྒམ་གྱི་སྐྱེལ་འདྲེན་ལས་སྒོ་ཐོག་མར་གཉེར་འགོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་སོལ་ཐལ་ཏུན་1470ཡོད་པའི་དོས་སྒམ་21བླུགས་པའི་མེ་འཁོར་ལྷ་ཉིང་ལྕགས་ལམ་ཉིང་ཁྲིའི་ས་ཚིགས་ཀྱི་ཟོག་རར་འབྱོར་བ་དང་། འདི་ནི་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་ཚུན་དོས་སྒམ་བླུགས་པའི་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་རེད། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པའི་ལྷ་ཉིང་ལྕགས་ལམ་ནི་བོད་ཤར་ལྷོའི་ས་ཁུལ་གྱི་ལྕགས་ལམ་དང་པོ་དེ་ཡིན། དེ་གར་དོས་སྒམ་སྐྱེལ་འདྲེན་ལས་སྒོ་གཉེར་བ་དེ་ཐོག་ནས་བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཐོག་མར་ཤར་གཏོང་ཐུབ་སྟེ་གཞི་ཁྱོན་ཆེ་བའི་དོས་སྒམ་དངོས་ཟོག་སྐྱེལ་འདྲེན་མངོན་འགྱུར་བྱུང་བ་མཚོན་ཡོད།

སོལ་ཐལ་བླུགས་པའི་དོས་སྒམ་མེ་འཁོར་ཐོག་མ་བདེ་བླག་ངང་འབྱོར་བ་དེ་ཐོག་ནས་ཉིང་ཁྲིའི་ཁེ་ལས་ཀྱི་དངོས་ཟོག་སྐྱེལ་འདྲེན་ཐད་གཞུང་ལམ་དང་ལྕགས་ལམ་སྐྱེལ་འདྲེན་གྱི་ཐོན་ཁུངས་བཀོད་སྒྲིག་དེ་བས་དོ་སྙོམས་བྱུང་བ་མཚོན་ནས། དེས་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེལ་འདྲེན་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་དང་། ལྷ་ཉིང་ལྕགས་ལམ་གྱི་ཟོག་འདྲེན་ཚོང་ཤག་གི་གཞི་ཁྱོན་ཆེ་རུ་གཏོང་བ། ལྷ་ཉིང་ལྕགས་ལམ་གྱི་ཟོག་འདྲེན་སྤུས་ཚད་མཐོ་བ་དང་སྣ་མང་ཅན་གྱི་འཕེལ་རྒྱས་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།