ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མངའ་རིས་སུ་གཞི་ཁྱོན་ཆེ་བའི་གཙོད་ཁྱུ་གནས་སྤོ་བ་མཐོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220331324190312660.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཤན་ཆེན་ཤང་གི་ཉེ་འགྲམ་དུ་གཞི་ཁྱོན་ཆེ་བའི་གཙོད་འདུ་འཛོམས་ཀྱི་སྣང་ཚུལ་བྱུང་བ་དང་མགོ་གྲངས་ཁྲི་གཅིག་ལྷག་ཡོད། གཞི་ཁྱོན་ཆེ་བའི་གཙོད་ཁྱུ་གནས་སྤོ་བ་འདིའི་རིགས་ཉེ་བའི་ལོ་འགའི་ནང་མཐོང་དཀོན་པ་དང་། ཡུལ་དངོས་རྣམ་པ་བརྗིད་ཉམས་ལྡན་པ་ཞིག་རེད། རྒྱུས་ལོན་བྱུང་བ་ལྟར་ན། གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་། ས་བབ་སྨི3700ནས་སྨི5500བར་གྱི་རི་མཐོའི་རྩྭ་ཐང་དང་། སྤང་ལྗོངས། མཐོ་གྲང་ཐང་རྒོད་བཅས་སུ་འཚོ་སྡོད་བྱེད་ཀྱིན་ཡོད། གཙོད་འདི་དག་གཙོ་བོ་བྱང་ཐང་ལྟེ་བར་བྱེད་པའི་མཚོ་བོད་མཐོ་སྒང་ས་ཁུལ་དུ་འཚོ་སྡོད་བྱེད་བཞིན་ཡོད་ལ། ལོ་རེའི་དབྱར་དུས་སུ་གཏན་འཇགས་ལམ་ཐིག་བརྒྱུད་ནས་བྱང་ཕྱོགས་སུ་གནས་སྤོ་བྱེད་པ་དང་གཙོད་ཕྲུག་སྐྱེས་རྗེས་འཚོ་སྡོད་བྱ་ཡུལ་དུ་ཕྱིར་ལོག་པ་རེད།

W020220331324190315186.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

ཉེ་བའི་ལོ་འགའི་རིང་། བོད་ལྗོངས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། སྐོར་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འགལ་ངང་ལྐོག་རྔོན་རྒྱག་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་། མངའ་རིས་ས་ཁུལ་དུ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པས། འདི་ག་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

W020220331324190473020.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

བསྡོམས་རྩིས་བྱས་པ་ལྟར་ན། མངའ་རིས་ས་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་ཆགས་རིགས11ཡོད་ཅིང་། དེའི་ནང་གཙོད་དང་། གསའ། འབྲོང་སོགས་ཡོད། སྔོན་དཔག་བྱས་པ་ལྟར་ན། མིག་སྔར་མངའ་རིས་ས་ཁུལ་དུ་གཙོད་ཀྱི་གྲངས་འབོར་ཁྲི10ཟིན་པ་དང་། མཐོང་དཀོན་པའི་འབྲོང་ཁམ་པའི་གྲངས་འབོར230ཟིན་ལ། འབྲོང་གི་གྲངས་འབོར་ཁྲི2.5ཟིན་ཡོད། གཞན་ཡང་། གསའ་དང་། གཉན། གནའ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་སླར་གསོའི་རང་བཞིན་གྱི་འཕར་ཚད་མངོན་གསལ་དོད་པོ་ཡོད། །

W020220331324190634683.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

W020220331324190636299.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

W020220331324190789756.jpg

པར་འདི་ནི་གཙོད་ཁྱུ་གནས་སྤོ་བའི་རྣམ་པ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།