ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རྒྱུས་བློ་ལ་བརྟན་པོར་ངེས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷ་ས་གྲོང་ཁྱེར་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ།

ནག་ཆུ་གྲོང་ཁྱེར་དུ“རིག་གནས་མཉམ་དུ་རོལ། འཆམ་མཐུན་མཉམ་དུ་གཏོད”པའི་རིག་རྩལ་འཁྲབ་སྟོན་བྱེད་པ།

ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས་རླབས་ཆེན་གྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།

མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་བ།

མངའ་རིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཞང་ཞུང་རིག་གནས་ཐང་ཆེན་དུ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་པ།

གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་ཉེན་རྟོག་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོས《ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་མཉམ་དུ་ལེན་པ།

ལྟད་མོ་བས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པ།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་ཤངས་ཆུ་ཆུ་མཛོད་ཀྱི་གནས་སྤོས་མང་ཚོགས་ཀྱི་སྡོད་ཁང་གསར་པ་ཡིན་པ།

བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63འཁོར་བར་དྲན་གསོ་ཞུ་བའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་རུ་ཁག་བདུན་པས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་སྒྲོག་འགྲེལ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བའི་ལོ་ཞིག་ཡིན་ལ། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་13འཁོར་བའི་ལོ་ཞིག་ཀྱང་རེད།

ཉིན་ཤས་བསྟུད་མར། བོད་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུས་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་གྱི་ཟིལ་རླབས་དགུང་དུ་འཕྱུར་ཞིང་འོད་སྟོང་རབ་ཏུ་འཕྲོ་བའི་ལོ་རྒྱུས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་ཏེ། ལོ་63རིང་ས་མཐོའི་ས་གཞི་ཆེ་མོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཐུན་མོང་ཐོག་བདེན་དཔང་བྱས་པ་མ་ཟད། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་མེས་རྒྱལ་སྔར་བས་མངའ་ཐང་རྒྱས་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཐུན་མོང་ཐོག་རྒྱང་ལྟ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།