ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གྱི་དགོང་མོ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་ཙུའུ་ཀྲང་ལི་ཅ་ཞང་དང་ཙུའུ་ཀྲང་གཞོན་པ་ཆིའུ་ཆི་ཝུན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་སྟེ་སྐབས་དེ་དུས་ཀྱི་ཀྱག་ཀྱོག་དང་ཟིལ་རླབས་དགུང་འཕྱུར་གྱི་བརྗེད་པར་དཀའ་བའི་ལོ་ཟླ་མཉམ་དུ་བསྐྱར་དྲན་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པའི་ཁོངས་མི་བཅས་ལྷན་དུ་གཟིགས་སྐོར་ལ་ཕེབས་པ་རེད།

ན་ནིང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་འགྲེམས་ཁང་གཙོ་བོར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི”ཞེས་མིང་བཏགས་པ་རེད། སྨི་ངོས་གྲུ་3000ཙམ་ཟིན་པའི་དྲན་གསོ་ཁང་དེ་ཚན་པ་ལྔ་ལ་དབྱེ་ཡོད་དེ། བོད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པ། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ། མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སྐྱོད་པ་བཅས་རེད། འགྲེམས་དངོས་222དང་། འཇིམ་བརྙན་103 སྣང་བརྙན་དངོས་14དེ་བཞིན་ཡིག་ཆ་དང་། དཔྱད་གཞི། འདྲ་པར་སོགས་འབོར་ཆེན་བརྒྱུད་བོད་རྙིང་པའི་མུན་ནག་དང་རྗེས་ལུས་ཀྱི་རྣམ་པ་སླར་ཡང་མངོན་པར་བྱས་པ་དང་། ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་འགོ་ཁྲིད་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་གནམ་ས་བརྗེ་བ་ལྟ་བུས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་རི་མོ། དེ་བཞིན་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

འགྲེམས་ཁང་ནང་གི་འགྲེམས་དངོས་རེ་རེ་དང་། རྩ་ཆེ་ཞིང་ཞིབ་ཕྲ་བའི་ཡི་གེའི་དཔྱད་གཞི་རེ་རེ། གསོན་ཉམས་དོད་པའི་བརྙན་ལམ་གྱི་སྣང་བརྙན་དངོས་རེ་རེ་བཅས་ལས། ཚང་མའི་མིག་དབང་འཕྲོག་བཞིན་ཡོད། ཚང་མས་ཡང་ཡང་ཕེབས་ཚམས་བཞག་ནས་གཟིགས་པ་དང་ས་གནས་ས་ཐོག་གི་འགྲེལ་བཤད་ནན་ཏན་ངང་གསན་ཏེ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

ཚང་མས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་བོད་ཀྱི་ལོ་རྒྱུས་ཀྱི་བསྡུས་རིས་ཤིག་རེད་ལ། གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བསླབ་གཞིའང་རེད། ང་ཚོས་ངེས་པར་དུ་ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན་དང་ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་དང་། དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་མཐའ་གཅིག་ཏུ་སྐྲུན་པ། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།