ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ད་ལྟའི་འཚོ་བར་གཅེས་སྤྲས་བྱེད་ཀྱི་ཡིན”

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— གནས་ཆུང་ཁྲོམ་གཞུང་གིས“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

52a9fc5c-b94a-4b61-967a-e1d2e6943f9b.jpg

གྲང་ངར་ཆེ་བའི་དགུན་གཞུང་རིང་མོ་ཕར་ལ་འདས་ནས། དྲོ་འཇམ་གྱི་དཔྱིད་རླུང་དལ་གྱིས་ལྡང་ཞིང་གང་སར་སྔོ་ལྗང་གི་ལོ་འདབ་ལྷུག་པོར་གྲོལ་ཏེ་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་ནམ་དུས་འདིར། བོད་ཀྱི་ཞིང་བྲན་ཁྲི་ཚོར་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་འཆར། དེ་ཡང་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་བསྟོད་གླུ་འབུལ་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་མ་འོངས་གསར་གཏོད་བྱེད་པ། དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་གཏོད་པ་བཅས་བྱ་ཆེད། ཟླ་3པའི་ཚེས་26ཉིན་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དུ་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་འཁྲུག་ཆ་དོད་པོ་ཞིག་སྤེལ་བ་རེད།

ཐེངས་འདིའི་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོར་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་གནས་ཆུང་ཁྲོམ་གཞུང་གི་འགོ་ཁྲིད་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། དེ་བཞིན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སློབ་གྲྭའི་དགེ་སློབ་སོགས་ཞུགས་ཡོད། གནས་ཆུང་ཁྲོམ་གཞུང་ཏང་ཨུད་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རེན་ཝུའེ་ཡིས་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོར་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་གནས་ཆུང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནུས་ཤུགས་ཡོད་རྒུས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་བརྟན་པོའི་ངང་གོང་དུ་འཕེལ་བ། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྣམ་པ་བཟང་པོ་མངོན་ཡོད་ཅེས་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་དེ་བས་རང་འགུལ་གྱི་སྒོ་ནས་ལས་སླ་པོར་བྱུང་བ་མིན་པའི་དེང་གི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་གཏོང་། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཅས་བཏང་སྟེ། གནས་ཆུང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།

37bb8c55-df53-4e52-888a-c5ba4b3acc89.jpg

ཤིས་ཚིག་བསྒྲོན་ཚར་རྗེས། གནས་ཆུང་སློབ་ཆུང་གི་སློབ་མ་ཚོས་འཁྲབ་པའི་ལྷ་མོ《བཀྲ་ཤིས་ཞོལ་པའི》ཁྲོད་དུ་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་འགོ་ཚུགས་ཤིང་། འགྲན་བསྡུར་བྱེད་སྒོའི་ནང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སོགས་ཀྱིས་དགའ་བའི་ཞབས་བྲོ་འཁྲབ་པ་དང་། སྐྱིད་པའི་གླུ་གཞས་ལེན་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་གཟིགས་མོ་བ་ཚོར་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་ཤིང་། དེ་ཡང་སྒང་བདེ་གླིང་མང་ཚོགས་ཚོས《དུས་རབས་གསར་པར་བསྟོད་གླུ་འབུལ》ཞེས་པའི་ཞབས་བྲོ་འཁྲབ་ནས། ཏང་གི་ཡང་དག་པའི་འགོ་ཁྲིད་འོག སྒང་བདེ་གླིང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས་གང་ལེགས་མཚོན་པར་བྱས་པ་དང་། གནས་ཆུང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པའི་ཞབས་བྲོ་འཁྲབ་སྟེ། མ་འོངས་པའི་བདག་པོ་ཡིན་པའི་བྱིས་པ་ཚོའི་མེས་རྒྱལ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སེམས་པ་མཚོན་པར་བྱས། གནས་ཆུང་སྡེ་ཁུལ་གྱི་མང་ཚོགས་ཚོས《ཚོགས་ཆེན་ཉི་ཤུ་པ་འཛུམ་གྱིས་བསུ》ཞེས་པ་འཁྲབ་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་རྣམ་པ་མཚོན་པར་བྱས། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་ལྟད་མོ་བ་ཚོས་གར་སྟེགས་སྟེང་གི་དབྱངས་འགྲོས་དང་བསྟུན་ནས་སྐར་ལྔའི་དར་དམར་གཡུག་གཡུག་བྱེད་པ་ལས་ལག་ནང་གི་དར་ཆ་དེ་དག་དེ་བས་བཀྲག་མདངས་ཆེ་བར་མངོན།

80473f09-0b1f-4f50-bc52-7aa9727814bb.jpg

ད་ཐེངས་ཀྱི་རིག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་བརྒྱུད། འགྲན་བསྡུར་ནང་ཞུགས་མཁན་དང་། རྒྱ་ཆེའི་ལྟད་མོ་བ་རུང་ཚང་མར་སྐུལ་མ་ཆེན་པོ་ཐེབས་ཡོད་ཅིང་། ཁོང་ཚོས་འཚང་ཁ་ཤིག་ཤིག་ངང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་དེང་གི་འཚོ་བར་གཅེས་སྤྲས་དང་མ་འོངས་གསར་གཏོད་བྱས་ཏེ་འབད་འབུངས་ཡར་བརྩོན་གྱིས་དུས་རབས་གསར་པར་གནས་ཆུང་གི་ལས་དོན་ཁག་ལ་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།