ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྟ་བཤེར་གོ་སྐབས་སུ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྒྱུན་མཐུད་ལེགས་པའི་རྣམ་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་ལྟ་བཤེར་བྱ་རྒྱུར་བསུ་བ་ཞུ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྟ་བཤེར་གོ་སྐབས་སུ་བྱས་ཏེ་སྔར་བས་འགན་འཁྲི་དོན་འཁྱོལ་དང་། བྱེད་ཐབས་ཞིབ་ཕྲ་བཟོ་བ། ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་ཧུར་ཐག་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་འགོ་ཁྲིད་བློ་མཐུན་གཙོ་བོས་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་དང་སྔོན་ཚུད་བཀོད་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། ལས་སྒོའི་རྐང་འཛིན་མི་སྣ་ཟུར་འཐེན་གྱིས་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ། “ཉིན་གསུམ་རིང་སྐོང་འཐེན་གཅིག”གི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར་རིམ་པའི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་བཤེར་ལ་བསུ་བ་ཞུ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཤང་གིས“ང་དང་མཉམ་དུ་མ་ཡུམ་སྐྱིད་ཆུ་སྲུང་སྐྱོང་བྱེད”ཅེས་པའི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དང་བླངས་ཞབས་ཞུ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་སྒྲོག་འགྲེལ་དང་། ཆུ་འགོའི་ཁུལ་གྱི་ཁོར་ཡུག་བདེ་འཇགས་ཀྱི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་དང་ཨར་པོའི་གད་སྙིགས་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་བཏང་ཡོད་པ་རེད།

ལྷོ་ཁ་དང་། ཉིང་ཁྲི། ནག་ཆུ། ཆབ་མདོ་བཅས་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་དང་། གྲོང་ཁྱེར་འདི་གའི་སྡེ་ཚན་ཁག་སྐུལ་སློང་གིས་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུས་ནས། ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་གིས་ལས་དོན་བདེ་བླག་ངང་སྤེལ་བར་ཆ་རྐྱེན་བཟང་པོ་བསྐྲུན་པས། དགོངས་དོན་ལ་གོ་བ་བླངས་ནས་ལྟ་བཤེར་ལ་བསུ་བ་ཞུས་པ་དང་། དམིགས་ཚད་ཁ་གསལ་བཟོས་ནས་ལྟ་བཤེར་ལ་བསུ་བ་ཞུས་པ། བྱེད་ཐབས་ཞིབ་ཕྲ་བཟོས་ནས་ལྟ་བཤེར་ལ་བསུ་བ་ཞུས་པ། ཕྱོགས་ཡོངས་ནས་དག་ཐེར་བྱས་ནས་ལྟ་བཤེར་ལ་བསུ་བ་ཞུས་པ། འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལྟ་བཤེར་ལ་བསུ་བ་ཞུས་པ། འགན་འཁྲི་དོན་འཁྱོལ་བྱས་ནས་དག་ཐེར་ལ་བསུ་བ་ཞུས་པ། སྒྲིག་ཁྲིམས་ནན་དུ་བཏང་ནས་ལྟ་བཤེར་ལ་བསུ་བ་ཞུས་པ། དྲིལ་བསྒྲགས་ལ་སྣང་ཆེན་བྱས་ནས་ལྟ་བཤེར་ལ་བསུ་བ་ཞུས་པ་བཅས་བྱས་པ་རེད།

མངའ་རིས་ས་ཁུལ་གྱིས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས། རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལས་དོན་སྤེལ་བའི་བླང་བྱ་དང་རང་འགུལ་ངང་ཡང་ཡང་བསྡུར་བ་དང་། ས་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རུ་སྣེ་ཁྲིད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་སྒོ་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམིགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལ་གཞོགས་འདེགས་ཧུར་ཐག་བཅས་བྱས་ནས། མཛེས་སྡུག་ལྡན་པའི་མངའ་རིས་མགྱོགས་མྱུར་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།