ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་ནས་ལས་ཞུགས་འབབ་འཕར་མངོན་འགྱུར་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་གཙོ་གནད་བཏོད་པའི་བོད་ཀྱི་རིག་གནས་སྐོར་གྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡིས་རིག་གནས་དབུལ་སྐྱོར་དང་ཐོན་ལས་དངུལ་སྐྱོར་གྱི་རྣམ་པར་བརྟེན་ནས། ས་ཁོངས་ཀྱི་དཔལ་འབྱོར་ཁྱོན་ཡོངས་ནས་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་ནུས་ལྡན་བྱས་པས། ས་གནས་དེ་གའི་མི་སེར་རྣམ་གྲངས་དེར་ཞུགས་ནས་ཡོང་འབབ་མང་དུ་སོང་བ་མ་ཟད། རང་ཉིད་ཀྱི་བྱང་ཚད་ཀྱང་མཐོ་རུ་སོང་ཡོད།

བོད་ཀྱི་རིག་གནས་ཡུལ་སྐོར་གྱི་དབུལ་སྐྱོར་དཔེ་མཚོན་རྣམ་གྲངས་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》2013ལོའི་ཟླ་8པ་ནས་འཁྲབ་སྟོན་བྱས་ཚུན། འཛུཌ་སྐྲུན་ལ་ཞུགས་པ་དང་། འཁྲབ་སྟོན་ལ་ཞུགས་པ། ལས་གཏོད་ཀྱི་སྟེགས་བུ་བསྐྲུན་པ་སོགས་ཀྱི་རྣམ་པར་བརྟེན་ནས་མི་4000ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ཡོད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། སྐྱེལ་འདྲེན་དང་། ལས་གྲྭ་འཛུགས་སྐྲུན། ངལ་རྩོལ་མཉམ་ལས་སོགས་ཀྱི་རྣམ་པར་བརྟེན་ནས་ཉེ་འཁོར་གྱི་གྲོང་མིར་ཡོང་འབབ་སྒོར་ཁྲི་5000ཙམ་བྱུང་ཡོད། དངོས་སུ་ཚོང་གཉེར་བྱས་ཚུན། འཁྲབ་སྟོན་པ་དང་ལས་དོན་པ་800ལྷག་ཙམ་ལས་95%ནི་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་ཞིང་། ཁོང་ཚོས་ཉིན་མོ་ཞིང་ལས་བྱེད་པའམ་ཡང་ན་གཞན་དུ་གླ་པ་རྒྱུག་པ་དང་། མཚན་མོ་འཁྲབ་སྟོན་ལ་ཞུགས་ནས་ཟླ་རེར་ཡོང་འབབ་སྒོར་3000ནས་4000བར་ཡོང་གི་ཡོད། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ལས་གྲོང་མི་ཚོར་གར་སྟེགས་སུ་འཛེགས་ནས་འཁྲབ་སྟོན་པ་ཞིག་བྱེད་པའི་གོ་སྐབས་བྱུང་ཡོད་ལ། གྲོང་མིའི་ཁྱིམ་གྱི་ནོར་ལུག་ལའང“གླ་ཕོགས”ཡོད། 2013ལོའི་ཟླ་8པར་དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཐེངས་དང་པོ་བྱས་པ་ནས་ད་བར་གྲོང་མི་བསོད་ནམས་ཚེ་རིང་གི་ཁྱིམ་གྱི་ལུག་150ལྷག་ཙམ་འཁྲབ་སྟོན་ལ་ཞུགས་ཡོད། ལོ་རེའི་འཁྲབ་སྟོན་བྱེད་པའི་དུས་མཚམས་སུ་ཁོ་པའི་ཁྱིམ་གྱི་ལུག་ལ་ཡོང་འབབ་སྒོར་ཁྲི་7.8ལྷག་ཙམ་བྱུང་ཡོད།

འཁྲབ་སྟོན་པ་ལྷ་བུ་ཚེ་རིང་ནི་དེ་གོང་ཚེ་མཆོག་གླིང་གྲོང་ཚོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ལྷ་མོའི་འཁྲབ་སྟོན་པ་ཞིག་རེད། དེ་གོང་སྒྱུ་རྩལ་ཚོགས་པའི་ཡོང་འབབ་ནི་ཟླ་རེར་སྒོར་2000ཙམ་ཡིན་པ་དང་། དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ལ་ཞུགས་ནས་འཁྲབ་སྟོན་དུས་མཚམས་རིང་ཟླ་རེར་འཁྲབ་སྟོན་གླ་ཆ་སྒོར་3000ཡོད། “ཡོང་འབབ་དེ་གཉིས་བསྡོམས་ན། སྒོར་5000ཙམ་ཡོད་པས་བོད་ལྗོངས་ཡོངས་ནས་བརྗོད་ན་ཡོང་འབབ་དམའ་པོ་མ་རེད”ཅེས་ལྷ་བུ་ཚེ་རིང་གིས་བརྗོད།

《འུན་ཤིང་ཀོང་ཇོ》ཡི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། སྐྱེལ་འདྲེན་དང་། ལས་གྲྭ་འཛུགས་སྐྲུན། ངལ་རྩོལ་མཉམ་ལས་སོགས་ཀྱི་རྣམ་པར་བརྟེན་ནས་ཉེ་འཁོར་གྱི་གྲོང་མིར་ཡོང་འབབ་སྒོར་ཁྲི་5000ཙམ་བྱུང་ཡོད་ལ། ས་ཁོངས་ཀྱི་རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་ཡང་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག འུན་ཤིང་ཀོང་ཇོ་ཚེ་མཆོག་གླིང་བོད་བཟོའི་ཉམས་འགྱུར་ཁྲོམ་གཞུང་དང་དེ་བཞིན་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ས་གནས་དེ་གའི་ཞིང་འབྲོག་པར་བདེ་སྲུང་བ་དང་། གཙང་སྦྲ་བ། ཞབས་ཞུ་བ། སྣེ་ལེན་བ། སྲིད་འཛིན་བ། རྒྱབ་ཕྱོགས་མཁོ་སྒྲུབ་པ་སོགས་ཀྱི་ལས་གནས་མཁོ་འདོན་ཡང་བྱས་ཡོད།

ཟློས་གར་འཁྲབ་སྟོན་བྱས་པ་ནས་བཟུང་། ཕ་ཡུལ་དུ་ལོག་པའི་བོད་རིགས་སློབ་ཆེན་སློབ་མ་བསྡུས་ཤིང་། ནག་ཆུའི་ཕོ་གཞོན་ཚེ་རིང་སྐལ་བཟང་ནི་བོད་ལྗོངས་སློབ་ཆེན་ཞབས་བྲོའི་ཆེད་ལས་ནས་ཐོན་པའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་ཞིག་རེད། ཁོང་ཡང་ཟློས་གར་དེ་དང་མཉམ་དུ་འཚར་ལོངས་བྱུང་བ་དང་། ད་ཆ་ཁོང་ཟློས་གར་དེའི་སྤྱི་ཁྱབ་ལྟ་སྐུལ་བར་གྱུར་ཡོད། “ཟློས་གར་འཁྲབ་སྟོན་པ་ཞིག་ནས་ལྟ་སྐུལ་བའི་བར་དང་། དེ་ནས་སྤྱི་ཁྱབ་ལྟ་སྐུལ་བའི་བར་ངའི་གོ་མིང་ལ་འགྱུར་ལྡོག་མང་པོ་བྱུང་ཡོད་ཀྱང་། ཕ་ཡུལ་དང་ཟློས་གར་འདིར་བཅངས་པའི་སྤྲོ་སེམས་ལ་འགྱུར་བ་སྤུ་ཙམ་ཡང་བྱུང་མེད”ཅེས་ཁོང་གིས་བརྗོད།

ཟློས་གར་འདི་མིག་སྔར་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་བོད་ཀྱི་རིག་གནས་མཚོན་པའི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་ཤིག་རེད། ཟློས་གར་འདིར་འཁྲབ་སྟོན་པ་དང་ལས་དོན་པ་800ལྷག་ཙམ་ཡོད་པ་ལས་95%ནི་ས་གནས་དེ་གའི་ཞིང་འབྲོག་པ་རེད། 2013ལོར་ཟློས་གར་འདི་ཐེངས་དང་པོར་འཁྲབ་སྟོན་བྱས་པ་ནས་བཟུང་། ད་བར་འཁྲབ་སྟོན་ཁྱོན་བསྡོམས་1300བྱས་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་300ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་10ལྷག་ཙམ་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།