ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་གཱ་ཕྱོགས་བསྡུས་བེད་སྤྱོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་གཱའི་གྲངས་གཞི་བསྡུ་རུབ་དང་། གཱ་བཟོ་ཐོ་འཇུག ཕྱིར་སྤྲོད་བེད་སྤྱོད་བཅས་ཀྱི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་དུས་མཚུངས། ཐབས་མང་མཉམ་སྤྱོད་དང་གསར་གཏོད་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཆ་འཕྲིན་བསྡུ་རུབ་ཟིན་པའི་སྤྱི་ཚོགས་འགན་སྲུང་གཱ་694308ཡོད་པ་དང་། དེའི་ནང་ནས་བེད་སྤྱོད་གཏོང་བཞིན་པའི་སྤྱི་ཚོགས་འགན་སྲུང་གཱ་670414ཡོད་པས། གཱ་ཕྱིར་སྤྲད་ནས་བེད་སྤྱོད་གཏོང་ཚད་96.55%ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་2020ལོའི་ཟླ་4པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཞིང་ཕན་མ་དངུལ་གྱི་གཱ་གཅིག་ཀུན་འཐུས་ཀྱི་ལས་སྟེགས་སྤྱོད་འགོ་ཚུགས་ཚུན། གཱ་གཅིག་ཀུན་འཐུས་ཀྱི་ལས་སྟེགས་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་དངུལ་དང་། ལས་ཁུངས་དང་ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་རྒན་གསོའི་དངུལ་དང་ཁག་197གྱི་དམངས་ཕན་ཞིང་ཕན་གྱི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་6.41སྤྲད་དེ། སྤྱི་ཚོགས་འགན་སྲུང་གཱའི་དམངས་བདེ་དང་དམངས་ཕན་གྱི་ནུས་པ་འདོན་སྤེལ་གངས་ལེགས་བྱས་ཁར། རྒྱ་ཆེའི་མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་གཱ་ཤེས་རྟོགས་ཐུབ་ཚད་དང་། ཐོབ་སྣང་། སྐྱིད་སྣང་བཅས་ཆེ་རུའང་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།