ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས“ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ”དེ“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། “ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པའི”བྱ་སྤྱོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྲིད་དོན་ཞབས་ཞུའི་ཁོར་ཡུག་ནུས་ལྡན་ངང་ལེགས་སུ་དང་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།

རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་ཞིབ་མཆན་འགོད་པའི་ཞབས་ཞུ་དམངས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་ཁོང་དུ་ཡང་དག་ཆུད་པ་བྱས་ནས“ལག་ཁྱེར་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པའི”བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་དཔྱད་ཡིག་ཉུང་གཏོང་དང་། དཔང་ཡིག་ཉུང་གཏོང་། ལྷུ་ཚིགས་ཉུང་གཏོང་། བྱ་རིམ་ཉུང་གཏོང་། དུས་ཚོད་གྲོན་ཆུང་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས“མང་ན་ཐེངས་གཅིག་ལས་བསྐྱོད་མི་དགོས་པ”དང“ཐེངས་གཅིག་ཀྱང་བསྐྱོད་མི་དགོས་པ”དོན་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་བྱ་རིམ་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་རེ་ཞུའི་དཔྱད་ཡིག་ཁུ་བསྡུ་དང་ཐོ་འགོད་དུས་ཚད་ཐུང་དུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་སྤྱིར་བཏང་ཐོ་འགོད་དང་གཏའ་འཇོག་ཐོ་འགོད་ལས་སྒོ་གཉེར་བའི་དུས་བཀག་དེ་དེ་སྔའི་ལས་ཡུན་ཉིན་5ནས་4ཡི་བར་ཐུང་དུ་བཏང་བ་དང་ལས་སྒོ་ཁག་གཅིག་སྟེ། གཏའ་འཇོག་དབང་ཆ་ཐོ་ཁོངས་ནས་བསུབ་རྒྱུ་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་ཆ་འཕྲིན་རྩད་ཞིབ་སོགས་ས་གནས་ས་ཐོག་ཏུ་གཉེར་ཐུབ་ཀྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་སྲིད་བདེ་དམངས་ཕན་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་2021ལོར་དཔང་ཡིག་དཔྱད་ཡིག་400ལྷག་ཙམ་ཁུ་བསྡུ་བྱས་པའི་རྨང་གཞིའི་ཐོག《ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་བཅོས་སྒྲིག་ལས་དོན་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ཇུས་གཞི》ཡི་བརྡ་ཐོ་བཀྲམ་ནས་ཆུ་དང་། སོལ་རླངས། ས་ཞིང་བཅས་ཀྱི་ཞིབ་མཆན་འགོད་པ་སོགས་ཕྱོགས་5ཐད་ཀྱི་དོན་ཚན་11ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

“ལག་ཁྱེར་ཉུང་དུ་གཏོང་བ་དང་དམངས་ལ་སྟབས་བདེ་བསྐྲུན་པའི”བྱ་སྤྱོད་ནང་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། གྲོང་ཁྱེར་རིམ་པ་དེ་གའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ར་སྤྲོད་དཔྱད་ཡིག་རིགས་247མེད་པ་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་གྱི་ཆ་སྙོམས་ཁས་ལེན་དུས་ཚད་60%ཡན་ཐུང་དུ་བཏང་བ། སྲིད་དོན་ཞབས་ཞུའི་དོན་ཚན་གྱི་ཆ་སྙོམས་རེ་ཞུའི་དཔྱད་ཡིག་3.06བར་ཁུ་བསྡུ་བྱས་པ། སྲིད་དོན་ཞབས་ཞུའི་ལས་དོན་གཉེར་བར་ཆ་སྙོམས་འགྲོ་རྒྱུག་ཐེངས་0.6མན་བར་ལས་བྱེད་མི་དགོས་པ་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།