ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མངའ་རིས་ས་ཁུལ་གྱིས2022ལོའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏང་ཨུ་དྲིལ་སྒྲོག་པུའུ་དང་ས་ཁུལ་གྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་སོགས་ས་གནས་དེ་གའི་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཉི་ཤུ་ལྷག་སྤུ་ཧྲེང་རྫོང་བར་ག་ཤང་དུ་བསྐྱོད་དེ། “ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད”ཅེས་པ་བརྗོད་གཞིར་བྱས་པའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ་བ་རེད། 

༡.jpg

པར་འདི་ནི་བྱ་འགུལ་སྤེལ་བའི་ཡུལ་དངོས་ཀྱི་རྣམ་པ་རེད།

བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དུས་ཐོག་ཏུ་ཚང་མར་བསྐྱལ་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་ཐོག་ཏུ་བསྐྱལ་ནས། རོང་འབྲོག་ཁུལ་གྱི་གཞི་རིམ་རིག་གནས་བྱ་གཞག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། ཕྱུག་འགྱུར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། རོང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན།

ཡུལ་དངོས་སུ་བྱ་འགུལ་སྤེལ་སྟངས་སྣ་མང་ཕུན་སུམ་ཚོགས་པ་སྟེ། ཐོག་མར《ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛམས་གྲོས་ཚོགས་ཐེངས་དྲུག་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན》དང་དམངས་ཕན་དང་འབྲེལ་ཡོད་ཀྱི་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་མཁན་གྱིས་གོ་སླ་བའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ་མང་ཚོགས་ཀྱི་ཤེས་དགོས་པའི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

༢.jpg

པར་འདི་ནི་བྱ་འགུལ་སྤེལ་བའི་ཡུལ་དངོས་ཀྱི་རྣམ་པ་རེད།

གཞན་ཡང་། བར་ག་ཤང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་ཞང་ཞུང་སྒྱུ་རྩལ་ཚོགས་པས་ནང་སྦྱོང་ཞིབ་ཚགས་དང་ནང་དོན་གཏིང་ཟབ་པའི་ལེ་ཚན་གྲ་སྒྲིག་བྱས་ཏེ། ཡུལ་དངོས་ཀྱི་མང་ཚོགས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། 

འཁྲབ་སྟོན་མཇུག་འགྲིལ་རྗེས། བྱ་འགུལ་ནང་ཞུགས་པའི་ལས་ཁུངས་དང་སྡེ་ཚན་ཁག་གིས་ཡུལ་དངོས་སུ་རོང་འབྲོག་མང་ཚོགས་ལ་དྲིལ་སྒྲོག་ལག་དེབ་དང་དྲན་གསོའི་དངོས་པོ་འགྲེམ་གཏོང་བྱས་པ་དང་། ཏང་གི་སྲིད་ཇུས་དང་། སྨན་བཅོས་བྱེད་པ། སྨན་རྫས་བསྐྱལ་བ། འཕྲོད་བསྟེན་བདེ་སྲུང་བཅས་ཀྱི་ཤེས་བྱ་སྒྲོག་འགྲེལ། བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིགས་སློབ་གསོ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། ཚང་མའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཚང་མར་གཟིགས་སྐྱོང་སྲིད་ཇུས་དག་གང་ནས་བྱུང་བར་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་དུ་བཅུག 

W020220324521557912290.jpg

པར་འདི་ནི་བྱ་འགུལ་སྤེལ་བའི་ཡུལ་དངོས་ཀྱི་རྣམ་པ་རེད།

“ཐེངས་འདིའི་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་བྱ་འགུལ་ནང་དོན་ཕུན་སུམ་ཚོགས་པ་དང་། སྤེལ་སྟངས་སྣ་མང་ཡིན་པ། གཞི་རིམ་དུ་ཟབ་ཞུགས་བྱས་ཡོད་པ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཕྱོགས་ལམ་ཕྱོགས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཡོད་པ་དང་ཆབས་ཅིག ཁྲིམས་སྐྱོང་དང་། ཚན་རྩལ། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་འབྲེལ་ཡོད་ལས་དོན་མང་ཚོགས་ཀྱི་སྒོ་རྩར་བསྐྱལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་ཐུགས་ཁུར་གཏིང་ཟབ་ཚོར་དུ་བཅུག་པ་དང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོ་འཛུགས་དགོས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་དང་། ཚན་རྩལ། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་འབྲེལ་ཡོད་ལས་དོན་གྱི་འདུ་ཤེས་སྔར་བས་གཏིང་ཟབ་དུ་ཕྱིན་པ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་གཏོང་དགོས”ཞེས་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས་བཤད།

“དེ་རིང་བསྡུས་པའི‘གཞི་རིམ་དུ་བསྐྱོད་པ་གསུམ’གྱི་བྱ་འགུལ་གྱིས་ངེད་གྲོང་ཚོ་ཡོངས་ཀྱི་གྲོང་མིར་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་སོགས་ཀྱི་ནང་དོན་འགྲེལ་བཤད་ཞིབ་ཚགས་བྱས་པས་ང་ཚོར་ཕན་པ་ཆེན་པོ་ཐོབ། གཞན་ཡང་ང་ཚོར་བོད་སྨན་དང་། ཆུ་ཕོར། ཁུག་མ་སོགས་སྤྱོད་གོ་ཆོད་པའི་དངོས་རྫས་སྣ་ཚོགས་འགྲེམ་གཏོང་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན”ཞེས་གངས་ས་གྲོང་ཚོ་མཉམ་ལས་ཁང་གི་འགན་འཁུར་བ་མིག་དམར་ཚེ་རིང་གིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།