ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་དང་ནག་ཆུའི་འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་སུ་གྲོང་གསེབ་དར་རྒྱས་དང་ནག་ཆུའི་འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་བརྗོད་དོན་གཙོ་བོར་བྱེད་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་རབ་དང་རིམ་པ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་ནས། རྒྱ་ཆེའི་ཞིང་འབྲོག་པ་མང་ཚོགས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལག་ལེན་རླབས་པོ་ཆེའི་འཛུགས་སྐྲུན་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཏེ། སྤྱི་ཚོགས་ཡོངས་སུ“འགྲན”སྐབས་དམིགས་ཚད་ཡོད་པ་དང་། “སློབ”སྐབས་བྱ་སྤྱོད་ལྡན་པ། “སྙེག”སྐབས་བྱེད་ཐབས་ལྡན་པ། “བརྒལ”སྐབས་ཕན་འབྲས་ལྡན་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ནས། ས་བབ་མཐོ་བའི་ནག་ཆུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་2པར། ནག་ཆུ་གྲོང་ཁྱེར་གྱིས《〈གྲོང་གསེབ་དར་རྒྱས་དང་ནག་ཆུའི་འབད་འབུངས་མདུན་སྐྱོད་ཀྱི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིའི〉བརྡ་ཐོ》བཀྲམ་ནས། 2022ལོ་ནས་བཟུང་ལོ་ལྟར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་གསེབ་དར་རྒྱས་དང་ནག་ཆུའི་འབད་འབུངས་མདུན་སྐྱོད་བརྗོད་དོན་གཙོ་བོར་བྱེད་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། འགྲན་བསྡུར་བྱེད་དགོས་རིགས་འགྲན་བསྡུར་བྱེད་པའི་རྩ་དོན་གཞིར་བཟུང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ནས། འདི་ལོ་གྲོང་གསེབ་དར་རྒྱས་དང་ནག་ཆུའི་འབད་འབུངས་མདུན་སྐྱོད་བྱེད་སྒོ་རིགས་ཆེན་པོ་བཞི་ལ་ཕྱེ་བ་སྟེ། རིག་རྩལ་དང་རིག་གནས་རིགས(གླུ་གར་དང་། རོལ་དབྱངས། རི་མོ། པར་རྒྱག་བཅས་འགྲན་བསྡུར་ཁག་བཞི)དང་། སྐད་དང་ཡི་གེའི་རིགས། (རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་འབྲི་ཀློག གཏམ་བཤད་བཅས་འགྲན་བསྡུར་ཁག་གསུམ) ཕན་ཚུན་ལག་གདང་སྦྲེལ་བའི་ལག་ལེན་བྱེད་སྒོ(ཤེས་བྱའི་འགྲན་བསྡུར་དང་། རྒྱལ་གཅེས་རིང་ལུགས་ཀྱི་གཏམ་རྒྱུད་ལ་ཤོད་པ། ཁྱིམ་ཚང་ནུས་རྩལ་བཅས་འགྲན་བསྡུར་ཁག་གསུམ) ཐོན་སྐྱེད་རྩལ་ནུས་རིགས(ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་དང་། སྲོལ་རྒྱུན་ནུས་རྩལ་འགྲན་བསྡུར། ཁྱད་ལྡན་ཞིམ་ཟས་བཟོ་བ་སོགས་འགྲན་བསྡུར་ཁག་བཞི)བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།