ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས“དབང་ཆ་ཕྲན་ཚེགས”འཁོར་སྐྱོད་ལ་ལྟ་སྐུལ་བྱེད་ཤུགས་མུ་མཐུད་གཏིང་ཟབ་ཏུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མི་དམངས་སྲིད་གཞུང་གི་དེ་སྔའི་རྩིས་པ་དང་དངུལ་གཉེར་གཅིག་ལྕོགས་བཀྲ་ཤིས་ནོར་བུས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སྒྲིག་ཁྲིམས་ལས་འགལ་ཏེ་གྲོང་ཚོའི་མཉམ་སྡེབ་མ་དངུལ་གཡར་སྤྱོད་བྱས་པ་དང་། མང་ཚོགས་ཀྱི་མཉམ་ལས་སྨན་བཅོས་ཀྱི་མ་དངུལ་དང་ས་ཞིང་བསྡུས་པའི་ཁ་གསབ་དངུལ་ལྐོག་ཏུ་བཟས་ནས་ཁོང་ཚོའི་ནང་མིས་ཁེ་ཕན་དོན་གཉེར་གྱི་བྱེད་སྤྱོད་ལ་སྤྱད་ཡོད། བཀྲ་ཤིས་ནོར་བུར་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་དང་དུས་བཀག་བཙོན་འཇུག་ལོ་12བྱེད་རྒྱུའི་ཁྲིམས་ཐག་བཅད་པ་རེད། “ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་ནི་བདེ་རྩར་ཐུག་པའི་ཁེ་ཕན་ཡིན། ང་ཚོས་བཀྲ་ཤིས་ནོར་བུའི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ལྷུན་རྩེ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཐིང་ཁུན་གྱིས་བཤད།

ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲིར་དམ་འཛིན་ནན་པོ་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུཌ་ཆེ་རུ་བཏང་བ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱས་པ། “རུལ་སུངས་ཙག་ཙིག”གི་རིགས་གནད་སྨིན་ཤེས་རྟོགས་དང་། གནད་སྨིན་ལྟ་སྐུལ། གནད་སྨིན་སྒྲིག་བསྟར་དང་འགན་འཁྲི་རྩད་གཅོད་བཅས་བྱས་ནས། “དབང་ཆ་ཕྲན་ཚེགས”ལ་ལྟ་སྐུལ་བྱེད་པའི་དྲ་བ་བཙུགས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱས་པ་རེད།

གཞི་རིམ་གྱི་ལས་བྱེད་པ་ཁག་གཅིག་གི་གོ་གནས་མཐོ་པོ་མེད་ཀྱང་དབང་ཆ་ཆེན་པོ་ཡོད། འགག་རྩའི་ལས་གནས་སུ་ཡོད་པས་རྟག་ཏུ་དབང་ཆ་སྤྱད་དེ་བོགས་མ་ལེན་མཁན་བཙལ་ནས་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད། རྣམ་གྲངས་གཅིག་ནས་ཉུང་མཐར་ཡང་སྒོར་ཁྲི་བཅུ་ཕྲག་ཁ་ཤས་དང་མང་ན་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་ལེན་གྱི་ཡོད། དབང་ཆ་དང་མ་དངུལ་གཅིག་སྡུད་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་སུ་རུལ་སུངས་ཐོན་སླ་བ་དང་ཐོན་མང་པོ་ཡོད། གཞི་རིམ་དུ“རུལ་སུངས་ཙག་ཙིག”དང“དཔོན་ཆུང་གི་རུལ་སུངས་ཆེན་པོའི”གནད་དོན་རྒྱུན་དུ་ཐོན་གྱི་ཡོད། 2020ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོཌ་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སློབ་གསོ་སྨན་བཅོས་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བཟའ་བཅའི་བདེ་འཇཌ་སོཌ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཁག་625ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། མི་1471ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་ཐག་གཅོད་བྱས་པ། མི་538ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ། མི་37ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པ་བཅས་བྱས་པ་རེད།

རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བར་བརྒལ་དུས་སྐབས་ཀྱི་ཆེད་དོན་ལྟ་སྐུལ་ལས་དོན་གྱི་འཆར་ཅན་ཚོགས་འདུ་འཚོགས་པ་བརྒྱུད། ས་ཁུལ་དང་གྲོང་ཁྱེར་དང་རྫོང་དང་ཆུས་རིམ་པའི་སྒྲིག་ཨུད་ཀྱི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། ཆེད་དོན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། ལྟ་སྐུལ་ལས་འགན་བཀོད་སྒྲིག་བྱས་པ། ཆུས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་ཁ་གསལ་བཟོས་པ།“དབང་ཆ་ཕྲན་ཚེགས”ཀྱི་རུལ་སུངས་ལ་ཆད་པ་གཅོད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།

ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་གྲོང་ཤང་སྟོད་གླིང་གྲོང་ཚོའི་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ལྷུན་གྲུབ་ཤེས་རབ་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱོད་དོན་ཐོ་བཀོད་ཀྱིས་བརྟག་དཔྱད་བྱས་པ་རེད། རྩད་ཆོད་མཐའ་གསལ་བྱུང་བ་བརྒྱུད་ལྷུན་གྲུབ་ཤེས་རབ་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་གཞུང་ཁོངས་རྒྱུ་ནོར་དང་མཉམ་སྡེབ་མ་དངུལ་མི་སྒེར་གྱི“དངུལ་ཁུག”ལ་བརྩིས་ནས་ས་ཞིང་བསྡུས་པའི་ཁ་གསབ་དངུལ་དང་། མཉམ་ལས་ཁང་གི་འཁོར་རྒྱུག་མ་དངུལ། གྲོང་ཚོའི་མཉམ་སྡེབ་ཀྱི་མ་དངུལ་བཅས་སྒེར་སྤྱོད་བྱས་པས། ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་དེའི་ཉེས་གསོག་དོགས་ཡོད་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཞུ་གཏུག་བྱེད་རྒྱུར་རྩིས་སྤྲད་པ་རེད། “མང་ཚོགས་དང་ཐག་ཉེ་ཤོས་ཀྱི་གཞི་རིམ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་བསམ་ཕྱོགས་གསལ་བཟོ་དང་། དམིགས་ཚད་ཡང་དག་འཚོལ་བ། བྱ་ཐབས་ཁ་གསལ་བཅས་ཡོང་བ་བྱས་ཚེ། གཞི་ནས་ལྟ་སྐུལ་དང་། སྒྲིག་བསྟར། འགན་འཁྲི་བདའ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་སྟེ། རུལ་སུངས་ཙག་ཙིག་གཞི་རིམ་དུ་གབ་ས་ཡིབ་ས་གཏན་ནས་མེད་པར་བཟོ་ཐུབ”ཅེས་འདམ་གཞུང་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཕུར་བུས་བཤད།

ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མི་ཐེངས་50ལྷག་ཙམ་དབུལ་སྐྱོར་གཙོ་གཉེར་སྡེ་ཚན་དང་། ཤང་དང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་སུ་མངགས་ཏེ། ལྟ་སྐུལ་ཞིབ་བཤེར་ཐེངས་16བྱས་པས་གནད་དོན་42ཤེས་རྟོགས་ཐུབ་པ་དང་། གནད་དོན་42བཅོས་སྒྲིག་བྱེད་དུ་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལྷུ་ཚིགས། གལ་ཆེའི་གནས་བཅས་ལ་དམ་པོར་དམིགས་ནས་སྲིད་གཙང་གི་ཉེན་ཁ་གྲལ་བཤེར་གྱི་ལས་དོན་སྤེལ་བ་སོགས་བྱས་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྫོང་རིམ་པའི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དུ་སྒྲིག་གཞི་སྒྱུར་བཅོས་ཨུ་ལྷན་འཛུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཤང་དང་གྲོང་རྡལ་གྱི་སྒྲིག་བཤེར་ལྟ་ཞིབ་མཉམ་ལས་ཁུལ་གྱི་ལས་ཀའི་ལམ་སྲོལ་འཛུགས་རྒྱུར་ཚོད་ལྟ་དང་འཚོལ་ཞིབ་བྱས་ཏེ་མཐུན་སྒྲིལ་དམ་ཟབ་ཀྱིས་ལྟ་སྐུལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།