ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས《ལག་བསྟར་བསམ་འཆར》བཏོན་ནས་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་ལ་སྔར་བས་སྐུལ་འདེད་གཏོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སོགས་སྡེ་ཚན་གྱིས《རང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་མ་ལག་འཛུགས་སྐྲུན་དང་། ལམ་ལུགས་འགན་ལེན། མ་དངུལ་འགན་ལེན། དམིགས་ཚད་གཙོ་བོ་སོགས་ཀྱི་ཐད་ལག་བསྟར་བསམ་འཆར་ཞིབ་ཕྲ་བཏོན་པ་རེད།

《ལག་བསྟར་བསམ་འཆར》གཞིར་བཟུང་། བོད་ལྗོངས་ཀྱིས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་གྱིས་རང་འགན་རང་སྒྲུབ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲིལ་བསྒྲགས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་ཡོངས་སུ་མི་ཚང་མ་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། ལེ་ལག་ཚང་བའི་འཚོ་བའི་གད་སྙིགས་རིགས་དབྱེའི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་དང་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་། རྫོང(ཆུས) ཁྲོམ་གཞུང་། སྡེ་ཁུལ་བཅས་རིམ་བཞི་མཉམ་འགུལ་གྱི་ལས་ཀའི་མ་ལག་འཛུགས་པ། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འཚོ་བའི་གད་སྙིགས་རིགས་དབྱེའི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་མ་ལག་མགྱོགས་མྱུར་ཆགས་པར་བྱེད་པ། སྔོན་སྐྱོད་གྲོང་ཁྱེར་གྱི་ཚོད་ལྟའི་གྲུབ་འབྲས་གཞན་སྒྱུར་དང་ཁྱབ་གདལ་གཏོང་བ་དང་། དཔེ་སྟོན་ཁྲོམ་ཁུལ་དང་དཔེ་སྟོན་ས་ཚིགས་སྐྲུན་མགྱོགས་སུ་གཏོང་བ། འཚོ་བའི་གད་སྙིགས་རིགས་དབྱེའི་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐའ་མཇུག་གི་རིགས་དབྱེ་གཙང་སེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་འདོན་གྱིས་ལས་ཀའི་བྱ་ཐབས་ལུགས་མཐུན་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་མ་ལག་རིམ་བཞིན་འཛུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།