ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཐོ་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ251ཀོང་ཏུང་དུ་བརྟན་བརླིང་ངང་ལས་ཞུགས་ཐུབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀོང་ཏུང་ཞིང་ཆེན་གྱི་སྐོར་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ལས་ཞུགས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁ་གཏད་ལས་ཞུགས་རོགས་སྐྱོར་དང་གཞུང་ལས་པའི་ལས་གནས་ལས་ཞུགས། ཁྲོམ་ར་ཅན་གྱི་ལས་ཞུགས། ལས་ཞུགས་ཞབས་ཞུ། ལས་ཞུགས་དྲིལ་བསྒྲགས་སོགས་ལ་དམིགས་ནས་ལས་ཞུགས་བརྟན་བརླིང་ཡོང་བའི་བྱེད་ཐབས་སྣ་ཚོགས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཞིབ་ཕྲ་བྱས། མིག་སྔའི་བར་ཁྱིམ་ཐོ་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ251ཀོང་ཏུང་དུ་ལས་ཞུགས་བྱུང་ཡོད།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་བཀྲ་ཤིས་ཟླ་བས“ང་ནི་གསོན་ཤུགས་ཀྱིས་ཁེངས་པའི་ཀོང་ཏུང་གི་ས་གཞི་དེར་གོམས་ལོབས་བྱུང་བ་མ་ཟད་དེའི་ནང་འདྲེས་ཟིན་པས། ལས་རོགས་ཀྱིས་རང་ཉིད་ལ‘གསར་ཡག’ཅེས་འབོད་པར་གོམས་ཡོད། ངས་སློབ་སྦྱོང་ལ་ཤུགས་སྣོན་དང་ལས་ཀར་ཧུར་ཐག་བྱས་ཏེ་ཕ་ཡུལ་དང་ཀོང་ཏུང་གི་གསོ་སྐྱོང་ཆུད་ཟོས་སུ་གཏོང་གི་མིན”ཞེས་བཤད་པ་དང་། ཁོ་རང་ཀོང་ཏུང་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་བརྒྱུད་ཀོང་ཏུང་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་ཁྲོམ་རར་ཞུགས་ཡོད།

ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་སྐོར་དགུ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཏུང་གིས་ལོ་གསུམ་ལ་བསྟུད་མར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་རྒྱལ་ཡོངས་ཤེས་ལྡན་པ་འཁོར་རྒྱུག་ལྟེ་གནས་དང་མཉམ་འབྲེལ་ཐོག་པེ་ཅིང་དང་སི་ཁྲོན། ཁྲུང་ཆིང་། ཧྲའན་ཤིས་སོགས་ཞིང་ཆེན་དང་གྲོང་ཁྱེར་དང་མཐུན་སྦྱོར་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ཤིང་། རིམ་རྩིས་བརྒྱབ་ན་སྤུས་ལེགས་ཀྱི་ལས་གནས7000ལྷག་ཙམ་མཁོ་འདོན་བྱས་པ་དང་། ཁྱིམ་ཐོ་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ150ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ཀོང་ཏུང་གིས་ཉིང་ཁྲིའི་རྫོང་དང་ཆུས7ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཀྲུང་ཧྲན། ཧྥོ་ཧྲན། ཧུའེ་ཀྲོའུ། ཏུང་ཀོན་གྲོང་ཁྱེར་བཅས་སྒྲིག་འཛུགས་བྱས་ནས་བོད་ཀྱི་ཞིང་འབྲོག་པའི་ལས་ཞུགས་ཐད་བསྐྱོད་བགྲོད་ལམ་ཧུར་ཐག་གིས་བཏོད་དེ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་བཙུགས་པ་དང་། རིམ་རྩིས་བྱས་ན་ལས་གནས་ཁྲི2ལྷག་མཁོ་འདོན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཏུང་གིས་ལོ་རེར་གཞུང་ཞབས་པའི་ལས་གནས15དང་སྤུས་ལེགས་བྱ་གཞག་ཚན་པའི་ལས་གནས50ཡན་མཁོ་འདོན་བྱས་ཏེ། ཁྱིམ་ཐོ་བོད་ལྗོངས་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མར་དམིགས་བཀར་བསྡུ་ལེན་བྱེད་བཞིན་ཡོད། “ངས་ངེས་པར་དུ་དཔལ་འབྱོར་ཞིང་ཆེན་ཆེན་པོར་ལས་ཀ་བྱེད་པའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས། སྒྱིད་ལུག་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྦྱོང་བརྡར་བྱས་ཏེ། རང་ཉིད་ཀྱི་ལང་ཚོ་ཀོང་ཏུང་ལྷོ་མའི་ས་གཞི་ཆེན་མོར་འོད་དུ་འཚེར་བར་བྱེད་རྒྱུ་ཡིན”ཅེས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནས་ཡིན་ཞིང་དམིགས་བཀར་བསྡུ་ལེན་གྱི་རྒྱུགས་བླངས་པ་བརྒྱུད་ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་ཧྲུན་ཏེ་ཆུས་སྤྱི་བདེ་ཅུའུ་ཡི་ཚེ་དབང་དཔལ་ལྡན་གྱིས་བཤད།

དེ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་སྐོར་དགུ་པས་ད་དུང་སྔོན་ལ་གསོ་སྦྱོང་དང་རྗེས་སུ་ལས་ཞུགས་བྱེད་པ་དང་། སྔོན་ལ་ལྟ་སྦྱོང་དང་རྗེས་སུ་ལས་ཞུགས་བྱེད་པ། སྔོན་ལ་རྟོག་ཞིབ་བྱེད་པ་དང་རྗེས་སུ་ལས་ཞུགས་བྱེད་པ་བཅས་ཀྱི“སྔོན་གསུམ་དང་རྗེས་གསུམ”གྱི་ལྗོངས་ཕྱིའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བོད་སྐྱོར་གྱི་བྱེད་ཐབས་འཚོལ་ཞིབ་བྱས་ཡོད།

“ཐོག་མར་ལས་ཞུགས་བྱེད་དུས་ལས་ཀའི་ནང་དོན་ཧ་ཅང་ཁག་པོ་འདུག་སྙམ་ན་ཡང་། མགོ་ཁྲིད་དང་ལས་རོགས་ཀྱི་རོགས་རམ་འོག་ཅི་ཡིན་འདི་ཡིན་མེད་པ་ནས་ད་ལྟ་རང་རྐྱ་འཕེར་བའི་ངང་ལས་ཀའི་ལས་འགན་སྒྲུབ་ཐུབ་པས་གྲུབ་འབྲས་ཆེན་པོ་ཐོབ་བྱུང་སྙམ་གྱིན་ཡོད”ཞེས་ཀོང་ཏུང་ཞིང་ཆེན་ཧྭ་ཨན་ཚན་རྩལ་ཚད་ཡོད་ཀུང་ཟིར་ལས་ཞུགས་བྱས་ཡོད་པའི་བུ་ཆུང་གིས་དེ་ལྟར་བཤད། །  

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།