ཀ་ལ་གྲོང་ཚོའི་བདེ་སྐྱིད་ཀྱི་འཚོ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་བོད་ལྗོངས་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོའི”མཚན་སྙན་ཐོབ་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་གཉེར་བ་སོགས་བརྒྱུད། གྲོང་ཚོའི་ཐུན་མོང་དཔལ་འབྱོར་རིམ་བཞིན་སྟོབས་ཆེར་ཕྱིན་ནས་མང་ཚོགས་ཀྱི་འཚོ་བ་འབྱོར་འབྲིང་དུ་སྐྱོད་ཡོད། 

W020220315306440680231.jpg

2021ལོར། ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི14སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི460མངོན་འགྱུར་བྱུང་ནས་ཁྱིམ་དུད་རེར་སྒོར་ཁྲི10ལྷག་གི་ཁེ་སྤོགས་བགོ་བཤའ་བརྒྱབ་པ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3.5ལ་སླེབས།

ཀ་ལ་གྲོང་ཚོའི་འཕོ་འགྱུར་ནི་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རིང་གི“མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས”ཀྱི་བསྡུས་རིས་རེད། །

W020220315306439119034.gif

W020220315306443180170.gif

W020220315306440680204.gif

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།