ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་བྱེད་མཇུག་འགྲིལ་ཞིང་། དུས་ཡུན་ཉིན་40ཡི་ལྕགས་ལམ་སྐྱེལ་འདྲེན་ལས་དོན་སྤེལ་རིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་དུ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ཁྱོན་འགྲུལ་པ་མི་ཐེངས་ཁྲི་112.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་16.2འཕར་བ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་2.82སྐྱེལ་འདྲེན་བྱས་པ་རེད།
འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་བྱེད་རིང་། མཚོ་བོད་ཚོགས་པ་ཀུང་སིས་སྐྱེལ་འདྲེན་བྱེད་ནུས་ལེགས་སྒྲིག་གནད་སྨིན་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། རིམས་ནད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། རྒྱ་ཆེའི་ཡུལ་སྐོར་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་ཆེ་རུ་གཏོང་བ་བཅས་བྱས་པས“དུས་བདེའི་དཔྱིད་གསར་སྐྱེལ་འདྲེན་དང་། གོ་རིམ་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན། དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་བོད་ཚོགས་པ་ཀུང་སིས་དཔྱིད་གསར་སྐྱེལ་འདྲེན་བྱེད་རིང་འགྲུལ་པ་མི་ཐེངས་ཁྲི112.6སྐྱེལ་འདྲེན་བྱས་པ།