ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ལོ་གསར་རིང་ལྷ་སའི་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར1.8ཙམ་ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་བོད་ཀྱི་ལོ་གསར་རིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་ཡིས་ལྷ་སའི་ཟོང་མང་ཚོང་ཁང་དང་། ལྷ་སའི་ཁྲེང་ཀོན་ཝན་ཏ་ཐང་ཆེན། ལྷ་སའི་སྣེའུ་གསར་ཁུལ་ཝན་ཏ་ཐང་ཆེན། ཀྲུང་གོ་རྡོ་སྣུམ་སོགས་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཙོ་གནད་ཚོང་དོན་ཁེ་ལས26ལ་ལྟ་ཞིབ་ཚད་ལེན་བྱས་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་ཚོང་དོན་ཁྱབ་ཁོངས་ཀྱི་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི17981.01ཟིན་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས5.07%འཕར་ཡོད། དེའི་ནང་ཞིང་ལས་ཐོན་རྫས་ཁྲོམ་ར་དང་སྡེབ་ཚོང་ཁྲོམ་རའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི6651.96དང་། བཅོས་སྣུམ་ཁྲོམ་རའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི5026.36། ཚོང་རའི་སྒོ་རྩིས་ཁང་དང་ཟོང་མང་ཚོང་ཁང་རིགས་ཀྱི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི6302.69བཅས་ཟིན་ཡོད་ཅིང་། ཕྱིར་འཚོང་གནས་ཚུལ་སྤྱི་ཡོངས་ནས་ཅུང་ལེགས་པ་རེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བསྡོམས་རྩིས་གཞི་གྲངས་ལས་མངོན་པའམ་ལྟ་ཞིབ་ཚད་ལེན་ཁེ་ལས་ཁག་གིས་ལན་སློག་པ་གཞིར་བཟུང་། བོད་ཀྱི་ལོ་གསར་རིང་འཛད་སྤྱོད་ཐོན་རྫས་ཁྲོམ་རའི་ཟོག་ཁུངས་འདང་ངེས་དང་རིན་གོང་བརྟན་པོ་བྱུང་བས་མཁོ་སྤྲོད་དོ་སྙོམས་བྱུང་སྟེ་རྒྱུན་ལྡན་མིན་པའི་འཕར་ཆག་གང་ཡང་མ་བྱུང་། ལྷག་པར་དུ་ལྷ་སའི་སྔོ་ཚལ་གསོག་འཇོག་ཕུན་སུམ་ཚོགས་པོ་ཡོད་པས་ལྷ་ས་གྲོང་ཁྱེར་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་རྦད་དེ་བསྐངས་ཡོད། འཁྱགས་ཤའི་རིན་གོང་ན་ནིང་གི་དུས་མཉམ་ལས་ཅུང་ཆག་ཡོད་ལ། དུས་ཆེན་རིང་མཛོད་ཉར་ཟད་གྲོན་ཅུང་ཆེ་བ་དང་མིག་སྔར་ཁེ་ལས་ཁག་གིས་ཚད་གཞི་མི་འདྲ་བའི་དངོས་ཟོག་ཁ་གསབ་བྱས་ཏེ། རྒྱུན་ལྡན་གྱི་མཁོ་སྤྲོད་ལ་འགན་ལེན་བྱས་ཡོད།

ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་འགན་འཁུར་བས་དུས་ཆེན་རྗེས་ཀྱི་ཚོང་དོན་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་དང་ལས་མགོ་བསྐྱར་ཚུགས་བྱུང་བ་བརྒྱུད། ཁྲོམ་རའི་མཁོ་ཚོང་གནས་ཚུལ་ལའང་འགྱུར་ལྡོག་འགྲོ་རྒྱུ་ཡིན་པས། ཚོང་དོན་སྡེ་ཚན་གྱིས་ཚོང་དོན་ཁྱབ་ཁོངས་ཀྱི་ཁྲོམ་རའི་འཁོར་རྒྱུག་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།