ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ལས་དར་སྤེལ་བཏང་བས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཆབ་མདོའི་གཞི་རིམ་དུ་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་མྱོང་རོལ་བྱེད་པ།

དཔྱིད་ཀྱི་གྲང་ངར་ཅུང་ཟད་ཆེ་ན་ཡང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྨོག་ཤོད་ཤང་ཨ་གདོང་གྲོང་ཚོའི་ཡུལ་མིའི་སེམས་ལ་དྲོ་སྐྱིད་ཚོར། ཉིན་ཤས་གོང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཨ་གདོང་གྲོང་ཚོར་2021ལོའི་རྒུན་འབྲུམ་འདེབས་འཛུགས་ཕྱོགས་སྡོམ་ཚོགས་ཆེན་དང་རྒུན་འབྲུམ་བཙོངས་པའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཏེ། གྲོང་མི་ཚོར་2021ལོའི་རྒུན་འབྲུམ་བཏབ་པའི་བགོ་འགྲེམས་བརྒྱབ་པ་སྟེ་སྒོར་ཁྲི་174ལྷག་ཙམ་གྱི་བགོ་འགྲེམས་རྒུན་འབྲུམ་འདེབས་འཛུགས་དུད་ཚང་115ལ་སྤྲད་པས། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་བྱུང་ཡོད།

ཨ་གདོང་གྲོང་ཚོའི་རྒུན་འབྲུམ་འདེབས་འཛུགས་ཐོན་ལས་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དར་སྤེལ་ལ་བརྟེན་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་པ་དང“གསོ་ཚགས་རྟེན་གཞི་ཆེ་གྲས་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེ་གྲས་བདུན”ལ་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་འབོར་ཆེན་ཞིག་ལག་བསྟར་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང《ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འཕེལ་རྒྱས་འཆར་འགོད》བཟོས་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་2086འཆར་འགོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་207.4གཏོང་རྩིས་ཡོད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་སྐྱོར་མ་དངུལ་གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ལ་གཙོ་གནད་སྤྱོད་རྒྱུ་ཡིན་པ་རེད། མིག་སྔའི་བར་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལ་འབབ་འཕར་སྒོར་དུང་ཕྱུར་4.99བྱུང་ནས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་5.56གི་མི་ཁྲི་19.94ལ་ཁྱབ་པ་དང་རིམ་རྩིས་བྱས་ན་བགོ་འགྲེམས་སྒོར་དུང་ཕྱུར་1.66བརྒྱབ་པ་དང་ལས་ཞུགས་འབབ་འཕར་སྒོར་དུང་ཕྱུར་1.54བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་24ཡི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.74ཟིན་པ་དེས་དུད་ཚང་ཁྲི་1.8ལ་ཆ་སྙོམས་ཡོང་འབབ་སྒོར་4900བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་360ལ་ཡོང་འབབ་སྒོར་ཁྲི་3600བྱུང་ནས་མང་ཚོགས་དུད་ཚང་7000ལྷག་ཙམ་གྱི་མི་14850ལ་སྐུལ་ཁྲིད་བྱས་ཏེ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4880བྱུང་ཡོད་པ་རེད།

སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”སེལ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་མཉམ་དུ་བཀོད་སྒྲིག་བྱས་པ་དང་། རྫོང(ཆུས)དང་། ཤང་གྲོང(ཁྲོམ་གཞུང)གྲོང་ཚོ(སྡེ་ཁུལ)བཅས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་དཔུང་ཁག་824བཙུགས་པ། མིང་ངོ་མ་བཀོད་པའི་དང་བླངས་པ་ཁྲི་4.3ཡོད་པ། རིམ་རྩིས་བྱས་ན་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཐེངས་ཁྲི་1.4ལྷག་ཙམ་བྱས་པས། མང་ཚོགས་མི་ཐེངས་ཁྲི་50.5ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། རིམ་རྩིས་བྱས་ན་རིམ་པ་ཁག་དང་རིགས་ཁག་གི་རིག་གནས་འགྲེམས་ཁང་1811བསྐྲུན་ནས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤྱིར་ན་བསྐྲུན་ཡོད་པ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་བའི་ལེ་ཚན་སྒྲིག་བཟོ་ཞིབ་ཚགས་བྱས་པ་དང་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཏེ། དུས་ཆེན་གྱི་མཚམས་ཚིགས་གལ་ཆེན་དུ་བརྙན་འཕྲིན་དང་། ཚགས་པར་དང་དུས་དེབ། སྐད་འཕྲིན་སྤྱི་རྟགས། ཁྱུག་དབྱིངས་སོགས་ལས་སྟེགས་སུ་བཏོན་པ་དང་། “ཆ་འགྲིག་དང་རིག་གནས་ཁྱབ་གདལ”དང“རིག་རྩལ་གཤམ་སྤེལ་ལྔ”སོགས་རིག་རྩལ་དམངས་ཕན་འཁྲབ་སྟོན་ཐེངས་635བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་15ཟིན་ཡོད་པ་རེད།

“ད་ཆ་གྲོང་ཚོ་ཧ་ཅང་གཙང་མ་ཡོད་པས་གྲོང་ཁྱེར་གྱི་ཁུལ་ཆུང་ཞིག་འདྲ་པོ་ཡོད”ཅེས་ཁོད་སྙོམས་པའི་གྲོང་ཚོའི་ཨར་འདམ་ལམ་བུར་སྐྱོད་བཞིན་པའི་ལོ་80ལྷག་ཙམ་ལ་སླེབས་པའི་རྒན་རྒོན་ཚེ་རིང་བཀྲ་ཤིས་ཀྱིས་དགའ་སྤྲོའི་ངང་བཤད།

གྲོང་ཚོའི་ཁོར་ཡུག་ཧ་ཅང་ལེགས་པས་གད་སྙིགས་རིགས་དབྱེའི་དཀའ་གནད་དེ་གར་ཐག་གཅོད་ཐུབ་ཡོད། སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱེད་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“སྟོབས་འབྱོར་དང་། ཕྱུག་འགྱུར། མཛེས་སྡུག”བཅས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ཏེ། ཁོར་ཡུག་འཕྲོད་བསྟེན་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས“བཅོས་སྒྲིག་གསུམ་དང་རིམ་སྤོར་གསུམ”དང“འགྲམ་བཞིར་ཤིང་འཛུགས” “གཙང་སེལ་ལྔ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གྲོང་ཁྱེར་ཡོངས་ཀྱི་གད་སྙིགས་དབོར་འདྲེན་རླངས་འཁོར་1320དང་། གད་སྙིགས་བསྡུ་རུབ་སྒམ་5915 བཙོག་ཆུ་གཙང་སེལ་སྒྲིག་ཆས་43བཅས་འཁོར་སྐྱོད་རྒྱུན་གཏན་ལྟར་བྱུང་ཡོད། གྲོང་གསེབ་ཀྱི་དུད་ཚང་51576གི་གསང་སྤྱོད་སྒྱུར་བཀོད་བྱས་པ། 2021ལོར་འོས་འགན་ཤིང་འཛུགས་མུའུ་26400དང་། ནགས་ཚལ་འདེབས་གསོ་མུའུ་ཁྲི་44.3བྱས་པ། སྐྱེ་ཁམས་སླར་གསོ་མུའུ་2288.8བྱས་པ། རྨོ་བསྐྱུར་ནགས་གསོ་མུའུ་3849བྱས་པ། རྨོ་བསྐྱུར་རྩྭ་གསོ་མུའུ་2283བྱས་པ་བཅས་ལས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)དང་། ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་ལ་སྔོ་ཁེབས་ཁྱབ་ཚད་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།