ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་གྱིས་གོ་རིམ་ལྡན་པའི་ངང་དཔྱིད་རྨོད་ལ་གྲ་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་དོན་དངོས་ལ་གཞིགས་ཏེ། སྔ་མོ་ནས་བཀོད་སྒྲིག་དང་། དོན་འཁྱོལ་ལ་དམ་འཛིན། དོ་དམ་ལ་ཤུགས་སྣོན་རྒྱུན་འཁྱོངས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་བྱེད་སྒོ་སོ་སོ་སྔ་མོ་ནས་བཀོད་སྒྲིག་བྱས་པ་དང་། རྨོ་འདེབས་མགོ་ཚུགས་པ་ནས་བཟུང་གོ་རིམ་ལྡན་པ་དང་། སྤུས་ཚད་མཐོ་བ། ཚད་གཞི་མཐོ་བའི་སྒོ་ནས་དུས་མཚམས་སོ་སོའི་ཐོན་སྐྱེད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས། དཔྱིད་རྨོད་གྲ་སྒྲིག་ཐོན་སྐྱེད་ལས་དོན་བདེ་བླག་ངང་སྤེལ་བ་དང་ལོ་ཧྲིལ་པོའི་ཞིང་ཕྱུགས་ལས་ལ་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཏན་ཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོར་གཞིགས་ཏེ། ལྷ་ས་གྲོང་ཁྱེར་གྱིས་རྫོང་དང་ཆུས་སོ་སོའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག དམིགས་ཚད་ལས་འགན་སོ་སོར་དབྱེ་ཞིབ་བྱས་པ་བརྒྱུད། 2022ལོའི་གྲོང་ཁྱེར་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་དམིགས་ཚད་ལས་འགན་བཟོས་པ་མ་ཟད། འབྲུ་རིགས་འདེབས་ཁྱོན་ས་མུའུ་ཁྲི41.6ཟིན་པའི་ནང་ནས་ས་མུའུ་ཁྲི30.7ཟིན་ཡོད།

ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོའི་ཁོངས་གཏོགས་དོ་དམ་འགན་འཁྲི་ཁ་གསལ་བཟོ་བ་དང་ལས་འགན་སོ་སོ་བཀོད་སྒྲིག་བྱ་ཆེད། ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུའུ་ཡིས་འགན་འཁྲི་ཚན་ཁག་དང་། གྲོང་ཁྱེར་དང་རྫོང་གི་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་མིའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་ཁུལ་དང་ཆུས་སོ་སོ་རུ་དུས་ཡུན་གཟའ་འཁོར་གཅིག་གི་དཔྱིད་རྨོད་གྲ་སྒྲིག་མཛུབ་ཁྲིད་ལས་དོན་སྤེལ་བར་བསྐྱོད་པ་དང་། མང་ཚོགས་ཀྱི་འདེབས་འཛུགས་འདོད་མོས་དང་། ཞིང་ལས་རྒྱུ་ཆའི་དགོས་མཁོ། གྲབས་གསོག་མཁོ་སྤྲོད་གནས་ཚུལ་བཅས་དང་དེ་བཞིན་ཞིང་ལས་ཐོན་སྐྱེད་ཐད་ཡོད་པའི་དཀའ་ངལ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་འགན་འཁྲི་སོ་སོ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ཡོད།

2022ལོར་ལྷ་ས་གྲོང་ཁྱེར་གྱིས་ལུད་རྫས་ཏུན9457གྱི་ས་དཔྱད་ལུད་སྦྱོར་གྱི་གནས་ཚུལ་དང་དེ་བཞིན་རྫོང་དང་ཆུས་སོ་སོའི་ལུད་རྫས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། རྫོང་དང་ཆུས་སོ་སོ་རུ་ལུད་རྫས་བགོས་པ་རེད། མིག་སྔར། རྫོང་དང་ཆུས་སོ་སོ་ཚང་མས་ནུབ་ཞིང་ཚོགས་པ་དང་འབྲེལ་མཐུད་བྱས་ནས་ལུད་རྫས་ཏུན2580ནང་འདྲེན་བྱས་ཡོད། 2022ལོར་ལྷ་ས་གྲོང་ཁྱེར་གྱི་རྒྱུན་གཏན་གྱི་ཞིང་སྨན་དགོས་མཁོ་གཞིར་བཟུང་སྟེ། སྲིད་གཞུང་གིས་ཡོངས་བསྒྲགས་ངང་ཉོ་སྒྲུབ་བྱེད་དགོས་པའི་བླང་བྱ་བཞིན་ཕྱོགས་གསུམ་པའི་འོས་འགུགས་ཀུང་སིར་འོས་སྐུལ་ལས་དོན་སྤེལ་རྒྱུའི་མངགས་བཅོལ་བྱས་ཡོད། ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་སོ་སོས་དགུན་ཁའི་དུས་ཚིགས་གང་ལེགས་ཀྱིས་བེད་སྤྱད་དེ་སྤུས་ཚད་མཐོ་བའི་ཞིང་པའི་ཁྱིམ་ལུད་ཏུན་ཁྲི94ཙམ་བསགས་ཡོད།

དཔྱིད་རྨོད་གྲ་སྒྲིག་བྱེད་རིང་ཞིང་འཕྲུལ་གྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱ་ཆེད། ཞིང་འཕྲུལ་ཕྱིར་ཚོང་དྲ་ཚིགས་སོ་སོར་སྐུལ་འདེད་ཧུར་ཐག་བཏང་སྟེ། འཕྲུལ་ཆས་ཉམས་གསོ་དང་བདག་སྐྱོང་ལས་དོན་སྔ་མོ་ནས་སྤེལ་ཏེ་ཞིང་འཕྲུལ་དངོས་ཟོག་འདང་ངེས་ཡོང་བའི་འགན་ལེན་བྱས་ཡོད། ལྷས་གྲོང་ཁྱེར་གྱིས་ཉེ་ཆར་ཞིང་ལས་འཕྲུལ་ཆས24953(ཆ་ཚང)ཉམས་གསོ་དང་བཟོ་བཅོས་བརྒྱབ་པས་ཞིང་ལས་འཕྲུལ་ཆས་སྐྱོན་མེད་འཐུས་ཚང་བྱུང་ཚད95%ཡན་ཟིན་ཡོད།

མིག་སྔར། ལྷ་ས་གྲོང་ཁྱེར་དང་རྫོང་དང་ཆུས་སོ་སོའི་དཔྱིད་རྨོད་གྲ་སྒྲིག་ལས་དོན་སོ་སོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།