ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བར་ཞུགས་པའི་བོད་ལྗོངས་ཨུ་ཡོན་གྱི་ཉམས་འགྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

38f68265-7607-413b-823b-08170bde8af2.jpg

པར་འདི་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་མཇུག་སྒྲིལ་རྗེས་བོད་ལྗོངས་ཀྱི་ཨུ་ཡོན་རྣམས་ཡིད་ཆེས་ཀྱིས་ཁེངས་པའི་ངང་ཚོགས་ར་ནས་ཕྱིར་འབུད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་སྔ་རྗེས་སུ་མི་དམངས་ཚོགས་ཁང་ཆེན་མོར་སོང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བའི་མཇུག་སྒྲིལ་ཚོགས་འདུར་ཞུགས།

ཚོགས་ཆེན་ཐོག་བསྡོམས་པས་གྲོས་གཞི5979འབྱོར་ཡོད། དུས་ཡུན་ཉིན་བདུན་གྱི་ཚོགས་འདུའི་རིང་། ཐེངས་རེ་རེའི་གྲོས་བསྡུར་དང་ཇུས་འདོན། བརྟག་ཞིབ། གྲོས་འགོ་འདོན་པ་བཅས་ཀྱི་ཐོག་ནས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ལ་ལས་འགན་སྒྲུབ་པ་དང་། མི་དམངས་ལ་འགན་འཁྲི་སྒྲུབ་པའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་ཡོད་པ་དང་། དམངས་གཙོའི་གྲོས་མོལ་གྱི་གསོན་ཤུགས་དང་སྐྱེ་སྟོབས་ཀྱང་མངོན་ཡོད།

1f4ff49a-2f87-4d8c-83eb-c0be324a40fd.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བསོད་ནམས་ཉི་མས་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད།

16ae7637-352b-4411-9d55-434f775c84ea.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་མཉམ་པར་བསྐྱོན་བཞིན་པའི་རྣམ་པ་རེད།

af428e20-176e-4962-81dc-0b1ce5df309c.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད།

e7a8d51e-3447-4580-a5ab-50cd150d0082.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚོགས་འདུའི་ཡིག་ཆའི་དགོངས་དོན་སྤེལ་རེས་བྱེད་བཞིན་པའི་རྣམ་པ་རེད།

864a266d-f0a4-43b6-8f92-3093934e526c.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྡོད་གནས་སུ་རིགས་ཁོངས་ཀྱི་ཨུ་ཡོན་དང་མཉམ་པར་བསྐྱོན་བཞིན་པའི་རྣམ་པ་རེད།

db6ae0ab-7ab2-450a-85c6-67423fe2eea2.jpg

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་འདུར་ནན་ཏན་གྱིས་ཉན་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།