ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་དོན་གཏིང་ཟབ་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220310359560628426.jpg

པར་འདི་ནི་ཡར་འབྲོག་གཡུ་མཚོའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་ཨེ་ཤ་ཡ་ཤར་མའི་གནམ་གཤིས་སྙོམས་སྒྲིག་ཡོ་བྱད་ཅིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་སྨོས་མ་དགོས་པ་རེད། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཀྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱེད་པ། གནམ་སྔོ་དང་ཆུ་དྭངས། ས་གཙང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད། གཞན་ཡང་། བོད་ལྗོངས་ཀྱིས“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མཐོ་གསར་གྲངས་གཞི་དང་སྐྱེ་ཁམས་ཞིང་ཕྱུགས། ཁྱད་ལྡན་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས།

སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བོད་ལྗོངས་ཀྱི་ཆེས་འབུར་ཐོན་གྱི་ལེགས་ཆ་ཡིན་ཞིང་། བོད་ལྗོངས་ཀྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། འཛམ་གླིང་གི་མཇུག་མཐའི་དག་ཞིང་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་དར་སྤེལ་མངོན་འགྱུར་བྱུང་བའི་དགོས་ངེས་ཀྱི་བླང་བྱ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།