ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་བོད་ལྗོངས་ལྷ་ས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར700ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220310364926802484.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས2021ལོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ལེགས་འགྲུབ་བྱུང་བའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས། གསར་འགོད་པས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར700ལས་བརྒལ་ནས་སྒོར་དུང་ཕྱུར741.84ལ་སླེབས་ཤིང་། དེ་ལོ་གོང་མའི་དུས་མཉམ་ལས6.7%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས7.2%འཕར་ཡོད། སྤྱིའི་ཆ་ནས་བཤད་ན། 2021ལོར་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་གོང་འཕེལ་བྱུང་ཡོད་པ་དང་། སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོར་འདེགས་བྱུང་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་བརྩམས་ཡོད།

ཡོངས་བསྒྲགས་ཚོགས་འདུ་ཐོག ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུའུ་ཡི་རིམ་པ་བཞི་བའི་རྟོག་ཞིབ་པ་ཀྲིན་ཧུང་ཡན་གྱིས་ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་དང་། པེ་ཅིང་དང་ཅང་སུའུ་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“བརྟན་བརླིང་དྲུག”གི་ལས་དོན་ལེགས་པོར་སྒྲུབ་པ་དང་། ཕྱོགས་ཡོངས་ནས“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ནས། རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་ཤུགས་རྐྱེན་ལ་རང་འགུལ་ངང་ཁ་གཏད་བཅག་པ་དང་། ལས་ཀའི་སྤྱོད་ཚུལ་ཇེ་ལེགས་སུ་བཏང་བ། ལས་ཀ་དོན་འཁྱོལ་ཡོང་བར་དམ་འཛིན་ནན་མོ་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོར་འདེགས་བྱུང་ཡོད། 

2021ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར700ལས་བརྒལ་ནས་སྒོར་དུང་ཕྱུར741.84ལ་སླེབས་ཤིང་། དེ་ལོ་གོང་མའི་དུས་མཉམ་ལས6.7%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས7.2%འཕར་ཡོད། དེེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར24.45ཟིན་པ་དང་། དེ་ལོ་གོང་མ་ལས4.7%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས7.9%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར278.08ལ་སླེབས་པ་དང་། དེ་ལོ་གོང་མ་ལས1.0%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས8.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར439.31ཟིན་པ་དང་། དེ་ལོ་གོང་མ་ལས10.8%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས6.4%འཕར་ཡོད། 

ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ཐད། 2021ལོར་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ཁྲི15.84ཟིན་པ་དང་། དེ་ལོ་གོང་མ་ལས1.9%འཕར་ནས་ཏུན་ཁྲི15ཡན་དུ་མུ་མཐུད་བརྟན་པོ་བྱུང་ཡོད། དེའི་ཁྲོད་ནས་ཏུན་ཁྲི11.06ཟིན་ནས3.9%འཕར་བ་དང་། འབྲུ་རིགས་གཙོ་བོའི་གནས་བབ་སྲ་བརྟན་དུ་ཕྱིན་ཡོད། ཕག་ཤ་དང་སྐམ་ཤ། ལུག་ཤ བྱ་ཤ་བཅས་ཀྱི་ཐོན་ཚད་ཏུན་ཁྲི3.39ཟིན་ལ1.0%མར་ཆག་པ་དང་། འོ་མའི་རིགས་ཏུན་ཁྲི13.12སླེབས་པ་དང15.8%འཕར་བ། བྱ་སྒོང་ཏུན་ཁྲི0.14ཟིན་པ་དང2.1%མར་ཆག་ཡོད་ལ། ཕྱུགས་ལས་ཐོན་སྐྱེད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཐུབ་ཡོད།

ཞབས་ཞུའི་ལས་རིགས་ཐད། 2021ལོར་གྲོང་ཁྱེར་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་ལོ་གོང་མ་ལས10.8%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུ་ལས་རིགས་ཀྱི་ཁེ་ལས104ཡི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར113.28ལ་སླེབས་པ་དང་། ལོ་གོང་མ་ལས8.3%འཕར་བ་དང་ལོ་གཉིས་རིརང་ཆ་སྙོམས4.5%འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཁང་གསོག་ཉར་དང་སྦྲག་སྲིད་ལས་རིགས། ཆ་འཕྲིན་བརྒྱུད་གཏོང་། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས། འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན་བཅས་ཀྱི་ལས་གཉེར་ཡོང་འབབ་སོ་སོར་ལོ་གོང་མ་ལས16.6%དང་། 7.1%། 19.9%འཕར་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ལ་བྱས་རྗེས་འཇོག་ཚད་སོ་སོར82.4%དང་། 23.4%། 13.4%ལ་སླེབས་ཏེ། “དོན་ཆེན་བཞིའི”ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

འཛད་སྤྱོད་དངོས་རྫས་ཀྱི་ཁྲོམ་ར་འཕར་བའི་ཐད། 2021ལོར་གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར399.35ཟིན་པ་དང་། དེ་ལོ་གོང་མ་ལས8.1%འཕར་བ་དང་ལོ་གཉིས་རིང་ཆ་སྙོམས2.0%འཕར་ཡོད། གཉེར་སྐྱོང་གི་ས་ཆ་ལྟར་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར349.49ལ་ཟིན་ནས9.1%འཕར་བ་དང་། ཤང་དང་གྲོང་ཚོའི་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར49.85ཟིན་ནས2.0%འཕར་ཡོད། འཛད་སྤྱོད་ཀྱི་རིགས་ལྟར་དབྱེ་ན། བཟའ་བཏུང་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར34.39ཟིན་པ་དང་དེ་ལོ་གོང་མ་ལས17.8%འཕར་བ། ཚོང་ཟོག་སིལ་འཚོང་གི་ཡོང་འབབ་སྒོར་དུང་ཕྱུར364.96ཟིན་ནས7.3%འཕར་ཡོད། ཚོང་ཟོག་ཕྱིར་འཚོང་གི་རིགས་ལྟར་བལྟས་ན། གཞི་རྩའི་འཚོ་བའི་འཛད་སྤྱོད་རིགས་ཀྱི་འཕར་སྟངས་ཅུང་ལེགས་པ་དང་། བཅད་གྲངས་ཡན་གྱི་འབྲུ་སྣུམ་བཟའ་བཅའི་རིགས་དང་། བཏུང་བྱའི་རིགས། རྒྱུན་སྤྱོད་དངོས་རྫས་རིགས་སོགས་ཀྱི་ཚོང་ཟོག་སིལ་འཚོང་གི་བསྡོམས་འབོར་ལོ་གོང་མའི་དུས་མཉམ་ལས་སོ་སོར6.7%དང་། 16.4%། 90.7%འཕར་ཡོད་ལ། རིམ་སྤོར་རིགས་ཀྱི་འཛད་སྤྱོད་དགོས་མཁོ་རྒྱུན་མཐུད་ཆེ་རུ་བཏང་ནས། བཅད་གྲངས་ཡན་གྱི་ལྕགས་རིགས་དང་། གློག་རླངས་རིགས། ལུས་རྩལ་རོལ་རྩེད་སྤྱོད་དངོས་རིགས་དང་བཟོ་བཀོད་དང་མཛེས་རྒྱན་རྒྱུ་ཆའི་རིགས་བཅས་ཚོང་ཟོག་གི་སིལ་འཚོང་བསྡོམས་འབོར་སོ་སོར་ལྡབ57.9དང་། 9.5། 34.5འཕར་བ་དང་། བསྡུར་ཚད་ཅུང་ཆེ་བའི་རྡོ་སྣུམ་དང་ཐོན་རྫས་རིགས60.8%འཕར་ཡོད། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དང་འགྲོ་གྲོན་ཐད། 2021ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར49299ཟིན་པ་དེ་ལོ་གོང་མ་ལས13.0%འཕར་བ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21198ཟིན་པ་དེ་ལོ་གོང་མ་ལས16.0%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་གི་ཡོང་འབབ། རྒྱུ་ནོར་གྱི་ཡོང་འབབ། ཡོང་འབབ་ཁེ་གཙང་སྤོ་སྒྱུར་བཅས་ལ་ཚད་མི་འདྲ་བའི་འཕར་སྣོན་བྱུང་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་འགྲོ་གྲོན་སྒོར31987ཟིན་ནས14.3%འཕར་བ་དང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་འགྲོ་གྲོན་སྒོར12132ཟིན་ནས20.0%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་དང་འགྲོ་གྲོན་མགྱོགས་མྱུར་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།