ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་ནས་བཟུང་ཕོ་བྲང་པོ་ཏ་ལ་ཡིས་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕོ་བྲང་པོ་ཏ་ལ་ཡིས2022ལོའི་ཟླ3པའི་ཚེས10ནས་བཟུང་ཐེངས་འདིའི་རིན་མི་དགོས་པའི་སྲིད་ཇུས་མཇུག་རྫོགས་ནས། 2022ལོའི་ཟླ3པའི་ཚེས10ནས་ཟླ4པའི་ཚེས30བར་མི་ཐེངས་རེར་སྒོར100ཡི་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་དང་། 2022ལོའི་ཟླ5བའི་ཚེས1ནས་ཟླ10པའི་ཚེས31བར་དུ་མི་ཐེངས་རེར་སྒོར200ཡི་ཡུལ་སྐོར་བ་མང་བའི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་རེད།

ཤེས་གསལ་ལྟར་ན། ཟླ3པ་སླེབས་པའི་ཚུན། ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་ཡུལ་སྐོར་བ་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ་དང་། ལྟ་སྐོར་གྱི་སྒྲིག་ལམ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཡུལ་སྐོར་བའི་ལྟ་སྐོར་དུས་ཚོད་གཅིག་བསྡུས་དྲགས་ནས་བཟོ་སྐྲུན་ལ་གནོན་ཤུགས་མི་བཟོ་བའི་ཆེད། གནས་སྐབས་སུ་ལྟ་སྐོར་དུས་ཚོད་སྔ་དྲོའི་དུས་ཚོད9:00ནས་ཕྱི་དྲོའི་དུས་ཚོད3:40བར་གཏན་ཁེལ་བྱས་ཡོད།

སྐབས་དེར་ཡུལ་སྐོར་བས་ཉིན་གཅིག་གི་སྔོན་དུ“ཕོ་བྲང་པོ་ཏ་ལའི་སྤ་སེའི་ལས་དོན་གྱི་སྔོན་མངགས་མ་ལག”གི་སྒྲིག་རིམ་ཆུང་ངུའི་ཐོག་སྤ་སེ་སྔོན་མངགས་བྱེད་དགོས་པ་དང་། ལྟ་སྐོར་གྱི་དུས་ལས་མི་བརྒལ་བའི་ཆེད་དུ་དུས་ཚོད་གཉིས་ཀྱི་སྔོན་དུ་བདེ་འཇགས་ཞིབ་བཤེར་བྱ་ཡུལ་དུ་སླེབས་དགོས།

ཕོ་བྲང་པོ་ཏ་ལའི་རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྲིག་བྱས་པ་གཤམ་གསལ་ལྟར།

དང་པོ། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས“ཚད་བཀག་ཡོད་པ་དང་། སྔོན་མངགས་བྱེད་པ། དུས་ཚོད་དབྱེ་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཡུལ་སྐོར་བས་དྲ་ཐོག་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས།

གཉིས་པ། ཡུལ་སྐོར་གྲོགས་པོ་ཚོས་མཛེས་ལྗོངས་ཁུལ་ལ་གཞོགས་འདེགས་བྱས་ཏེ། བདེ་ཐང་ཨང་གཤེར་དང་། ས་ཚིགས་ཨང་གཤེར། ལམ་ཐིག་ཨང་གཤེར་གྱི་དཔྱད་ཞིབ་དང་ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་བཅས་བྱས་ཏེ། གྲལ་བསྒྲིགས་ནས་མཛེས་ལྗོངས་ཁུལ་དུ་སྐྱོད་པ་དང་ཡུལ་སྐོར་བྱེད་རིང་ཚད་ལྡན་ངང་ཁ་རས་རྒྱག་དགོས་པ་དང་། མཉམ་འཛོམས་མི་བྱེད་པ་བཅས་བྱས་ཏེ་བར་ཐག་སྨི་གཅིག་འཇོག་དགོས་པ་མ་ཟད། གོ་རིམ་ལྡན་པའི་ངང་ཡུལ་སྐོར་བྱེད་པ་དང་དཔལ་ཡོན་ལྡན་པའི་ངང་ཡུལ་སྐོར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

གསུམ་པ། ལུས་དྲོད་རྒྱུན་ལྡན་མིན་པ་དང(≥37℃)ཡང་ན་གློ་ལུ་རྒྱག་པ་དང་། དབུགས་ལེན་དཀའ་བ་སོགས་ཀྱི་རྒྱུན་ལྡན་མིན་པའི་མི་སྣ་མཛེས་ལྗོངས་ཁུལ་དུ་སོང་མི་ཆོག །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།