ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བསྟན་འཛིན་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རིག་དངོས་གནའ་དཔེ་སྲུང་སྐྱོང་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། དེས་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་བླང་བྱ་གསར་པ་བཏོན་ཡོད།

དེར་བརྟེན་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པ་བསྟན་འཛིན་གྱིས་ངོས་འཛིན་གནང་དོན། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་དེང་རབས་ཀྱི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་དེ་བས་མང་བ་འཛུགས་པར་རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་དེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ནང་བཅུག་ནས་མི་དེ་བས་མང་བས་མངོན་མིན་རིག་གནས་ཤུལ་བཞག་ཤེས་རྟོགས་དང་། ཉམས་ལེན། དྲིལ་བསྒྲགས་བཅས་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་དེ་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་རྒྱུར་རམ་འདེགས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་། སྡེ་ཁུལ། མཛེས་ལྗོངས་ཁུལ་སོགས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་ཟུང་འབྲེལ་དམ་ཟབ་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་སྐྱེ་འཕེལ་ཡག་པོ་ཡོང་བའི་ཞིང་ས་མཁོ་འདོན་བཅས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གིས་དེང་རབས་ཀྱི་འཚོ་བར་ཞབས་འདེགས་ཞུ་བ་དང་མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱེད་པའི་གསོན་ཤུགས་འཕེལ་བར་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་གིས་གྲོང་གསེབ་དར་རྒྱས་ལ་ཕན་ནུས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས། སྲོལ་རྒྱུན་གྱི་རོལ་དབྱངས་སོགས་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་ཐོན་ལས་ཀྱི་གསོན་ཤུགས་འཕེལ་བ་དང་། རིག་གནས་ཀྱི་སྒུལ་ཤུགས་སྦྱིན་པ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།