ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བསྐྲུན་པའི་དཔེ་སྟོན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220307675493134190.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས6ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ“གྲོང་གསེབ་དུ་བསྐྱོད་པ་དང་། ཁེ་ལས་སུ་ཞུགས་པ”ཞེས་པའི་དཔེ་སྟོན་བྱ་འགུལ་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་རྔ་སྨད་ཤོད་གྲོང་ཚོར་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ“གྲོང་གསེབ་དུ་བསྐྱོད་པ་དང་། ཁེ་ལས་ནང་བསྐྱོད་པ”ཞེས་པའི་དཔེ་སྟོན་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ། བྱ་འགུལ་གྱི་གཞི་རྟེན་གསར་སྐྲུན་གསར་གཏོད་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དྲིལ་སྒྲོག་སློབ་གསོ་རྒྱུན་མཐུད་གཏིང་ཟབ་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་བོད་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱ་རྒྱུ་དེ་རེད། 

W020220307675493137032.jpg

པར་འདི་ནི་བྱ་འགུལ་གྱི་ཡུལ་དངོས་རེད།

       ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་དང་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱི་མཛུབ་ཁྲིད་འོག གཙོ་རྐང་གི་བརྗོད་གཞིར་དམ་པོར་དམིགས་པ་དང་། སྤྱི་འདོམས་འཆར་འགོད། གསར་གཏོད་ལ་སྐུལ་འདེད་བཅས་བྱས་ནས། “ལྟེ་བ་གཅིག་དང་བར་ཁྱམས་གཉིས། ཡུག་ཁུལ་གསུམ། ཀ་རྟེན་བཞི། ས་ཚིགས་མང་པོ”བཅས་ཀྱི་སྤྱིའི་བཀོད་པར་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་ཁྱད་ཆོས་དང་ཕན་འབྲས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“གོང་འཕེལ་དགུའི”ལས་དོན་སྤེལ་བ་དང་། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲི་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཡིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སྔར་བས་ཇེ་དྲག་ཏུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།