ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི2021ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོར་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་དཔེ་སྟོན་རྣམ་གྲངས་དང་། ཕུལ་བྱུང་ཚོགས་པ། ཞབས་ཞུའི་དཔེ་དམག་བཅས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། སི་ཁྲོན་ཞིང་ཆེན་གྱི་དམངས་དོན་ཁྲིམས་གཞུང་གྲོང་གསེབ(སྡེ་ཁུལ)དུ་དྲིལ་བསྒྲགས་ཀྱི“བརྒྱ་གསུམ”གྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སོགས་རྣམ་གྲངས102དཔེ་སྟོན་རྣམ་གྲངས་གྲས་སུ་བདམས་པ་དང་། “ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་བློ་ཡིད་ཚིམ་པའི་སྨན་པ་ཡག་པོས་གཞི་རིམ་དུ་བསྐྱོད་ནས་བདེ་ཐང་ལ་གཞོལ་བའི”དང་བླངས་ཞབས་ཞུའི་ཚོགས་པ་སོགས་མཉམ་སྡེབ102ཕུལ་བྱུང་ཚོགས་པར་བདམས་པ། ཧ་དབྱི་ཆི་སོགས་མི་སྒེར102ཞབས་ཞུའི་དཔེ་དམག་ཏུ་བདམས་པ་རེད།

དེའི་ནང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གསར་བརྗེའི་རིག་རྩལ་རྟ་དམག་ཤང་བརྒྱ་དང་གྲོང་ཚོ་སྟོང་ལ་སྐྱོད་པའི་དམངས་ཕན་འཁྲབ་སྟོན་དང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི“ཨ་ཅག་གིས་སྒྲུང་ཤོད་པ” གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་བཅས་རྣམ་གྲངས་གསུམ2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་དཔེ་སྟོན་རྣམ་གྲངས་སུ་བདམས་པ་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་གཉིས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཕུལ་བྱུང་ཚོགས་པར་བདམས་པ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཁྲིམས་འཛིན་ཅུས་ཀྱི་ལས་བྱེད་པ་ཙེང་ཀྲི་ཡིའུ་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུས་ཀྱི་ལས་བྱེད་པ་ལུང་ཡུས་ཧུའེ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པ་རྡོ་རྗེ་ཚེ་རིང་བཅས2021ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ཞབས་ཞུའི་དཔེ་དམག་ཏུ་བདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།