ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་པད་ནག་རྡུང་བཟོའི་ལག་རྩལ་རྒྱུན་འཛིན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པད་ནག་རྡུང་བཟོའི་ལག་རྩལ་དེ་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་འཕེལ་རྒྱས་མྱུར་མོ་བྱུང་ནས་བཟོ་རྩལ་བྱང་ཆུབ་པར་གྱུར་ཡོད་ལ། ཟངས་ལེབ་དཀྱུས་མ་ཞིག་རྡུང་བཟོ་ལག་རྩལ་པས་ཇུས་འགོད་དང་རྡུང་བཟོ་བྱས་པ་བརྒྱུད་རྩེར་སོན་གྱི་སྒྱུ་རྩལ་ཐོན་རྫས་ཤིག་ཏུ་འགྱུར་ཐུབ་པ་རེད།

2.png

པད་ནག་རྡུང་བཟོའི་ལག་རྩལ་གྱི་འབྱུང་གནས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ་ཡིན་ལ་དེར་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་ཡོད། 2008ལོ་ནས་བཟུང་། པད་ནག་གྲོང་ཚོའི་ཏང་ཨུས་གཅིག་གྱུར་ཐོག་དོ་དམ་བྱས་པས། བཟོ་ཁང་ཆུང་ཆུང་ནས་མཉམ་ལས་ཁང(ཀུང་སི)དུ་རིམ་སྤར་བྱུང་བ་རེད། ད་ལྟ་པད་ནག་གྲོང་ཚོར་ཟངས་སྐུ་བཞེངས་པའི་མཉམ་ལས་ཁང(ཀུང་སི)9ཡོད་པ་དང་། རོང་འབྲོག་མང་ཚོགས186ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

3.png

བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་དུ་གནས་པའི་བོད་ལྗོངས་ནོར་དགྲ་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དེ2012ལོར་བཙུགས་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་པད་ནག་རྡུང་བཟོ་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ནོར་བུ་དགྲ་འདུལ་གྱིས་གསར་འཛུགས་བྱས་ཤིང་། དེས་པད་ནག་རྡུང་བཟོའི་ལག་རྩལ་རྒྱུན་འཛིན་ལ་འཕེལ་རྒྱས་ཀྱི་སྟེགས་བུ་མཁོ་འདོན་བྱས་ཡོད། ད་ལྟ་རྡུང་བཟོ་ལག་རྩལ་ས་གནས་དེ་གའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱུན་ཆད་མེད་པའི་འཕེལ་རྒྱས་དང་རྒྱུན་འཛིན་ཁྲོད་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་རོགས་རམ་སྔར་བས་ལེགས་པོ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།