ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཐད་ཤུགས་བརྒྱབ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___www.al.gov.cn___local_1_E0_F7_AA141A4FD343BF7B8728A67D730_877A77F6_11A49A.png_e=.png&refer=http___www.al.gov.jpg

པར་འདི་ནི་དཔྱིད་དཔལ་བཞད་པ་ལྟ་བུའི་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཟུར་ཞིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་འཕེལ་རྒྱས་གཏོང་རྒྱུ་དེ་ཆབ་མདོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩར་བརྩིས་ཏེ། འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་གཡོ་འགུལ་མི་གཏོང་བ་དང་ལྷོད་གཡེང་མི་བྱེད་པར་དམ་འཛིན་བྱས་ནས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་གཏོང་བའི་ལམ་ལུགས་དང་གཉེར་སྐྱོང་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་ནས། “བརྟན་པོ་དྲུག”གི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། དཔལ་འབྱོར་སྤུས་ཚད་ཀྱི་འཕོ་འགྱུར་དང་ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།