ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཡིན་པའི་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་འདོམས་སུ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང“མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ་རེད།

《སློབ་གྲྭ་ཆེ་མོ་བས་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ》དང《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཕུན་སུམ་ཚོགས་པའི་ནང་དོན་དང་དེ་བཞིན་བོད་ཀྱི་ལག་ལེན་རླབས་ཆེན》སོགས་བརྗོད་དོན་གཙོ་བོར་བྱས་པའི་རིག་གཞུང་འཆད་ཁྲིད་བྱས་པ་མ་ཟད། “ཚན་རིག་རིག་གནས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི”སློབ་གྲྭ་ཆེ་མོ་བའི་ཚན་རྩལ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་གཉེར་བ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲོད་ཀྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གི་འགན་འཁྲིའི”བགྲོ་གླེང་ཚོགས་འདུ་འཚོགས་པ་སོགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མཐའ་དག་སློབ་མའི་སེམས་སུ་སྔར་བས་ཟུག་ཐུབ་པ་བྱུང་ཡོད།

“ང་ཚོས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས‘བསམ་བློ་ཆབ་སྲིད་ཀྱི་སློབ་ཚན’དང‘སློབ་ཚན་གཞན་དག་ལ་བརྟེན་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུ’ཟུང་འབྲེལ་གྱིས་མི་སྣ་གསོ་སྐྱོང་གི་ལས་དོན་ཁྲོད་བཅུག་སྟེ་སློབ་མར་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་གཏོད་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་བྱེད་ཐུབ་པའི་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་མི་རིགས་སློབ་ཆེན་སློབ་དོན་ཁྲུའི་ཁྲུའུ་ཀྲང་ཤང་ལི་ཕུང་གིས་གསར་འགོད་པར་བཤད།

དེ་དང་ཆབས་ཅིག་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་ཁང་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང“སློབ་ཚན་གཞན་དག་ལ་བརྟེན་ནས་ཀྱང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུ”གཞི་རྟེན་དུ་བྱས་ཏེ་གཡུལ་ས་གཙོ་བོའི་ཕྱོགས་ཡོངས་ཀྱི་སློབ་གསོ་སྤེལ་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་སློབ་གསོ་དང“འབྲེལ་གསུམ་སྐྱོད་གསུམ་འགྲོགས་འདྲིས་གཅིག”གི་བྱེད་སྒོར་བརྟེན་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་གསོ་སྤེལ་བ། སློབ་ཞུཌ་སློབ་གསོ་དང་། སློབ་ཐོན་སློབ་གསོ། “3·28”སོགས་གལ་ཆེའི་མཚམས་ཚིགས་ཀྱི་སློབ་གསོ་བཅས་གཙོ་གནད་དུ་བཟུང་ནས་བརྒྱུད་རིམ་ཧྲིལ་པོའི་སློབ་གསོ་དང་ཕྱོགས་ཡོངས་ཀྱི་སློབ་གསོ་སྤེལ་ཡོད།

ད་ཆ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྣམ་པ་སྣ་ཚོགས་དང་། ཁྱད་ཆོས་ཀྱིས་ཕྱུག་པ། བརྗོད་དོན་ཁྱད་དུ་འཕགས་པ་བཅས་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་ལས་མི་རིགས་ཁག་གི་སློབ་མའི་དབར་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱིས་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་ཟབ་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

“ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་བྱ་གཞག་ཁག་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ་སློབ་གཉེར་ལ་བརྟེན་ནས་སློབ་གྲྭ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱས་ནས་རྒྱལ་ཁབ་དང་བོད་ལ་ཚད་ལོན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད”ཅེས་བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སློབ་སྤྱི་གཞོན་པ་ལིའུ་ཁའེ་ཡིས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།