ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་སྒོ་བསྟེན་སྨན་རིན་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་ལྗོངས་སུ་སྒོ་བསྟེན་སྨན་རིན་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་རྫོང(ཆུས)74ཚང་མར་སྤྱིར་བཏང་གི་སྒོ་བསྟེན་སྨན་རིན་ཞིང་ཆེན་སྒྲོལ་ནས་རྩིས་རྒྱག་པའི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་རེ་ཡོད་པ་དང་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་རྫོང་ཁོངས་སུ་ཁྱབ་ཚད་100%ཟིན་ཡོད་པ་རེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་ལྗོངས་ལས་སྟེགས་སྤྱོད་འགོ་ཚུགས་ཚུན་2021ལོའི་ལོ་མཇུག་ཏུ་སླེབས་སྐབས་སྤྱིར་བཏང་གི་སྒོ་བསྟེན་སྨན་རིན་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་ཞུ་བྱེད་ཚད་མི་ཐེངས་ཁྲི་10.4ལྷག་ཙམ་ཟིན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་ལྗོངས་ལས་སྟེགས་སྤྱོད་འགོ་ཚུགས་པ་ནས་བཟུང་2021ལོའི་ལོ་མཇུག་བར་བོད་ཀྱིས་ལྗོངས་ཕྱིའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་། སྤྱི་འདོམས་ཁུལ་818 གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་6780བཅས་ལ་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པའི་སྨན་རིན་རྩིས་ཞུ་མི་ཐེངས་3035ལ་བྱས་པ་དང་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་གྲབས་གསོག་ཐེབས་རྩ་ནས་སྒོར་ཁྲི་3360.5སྤྲད་པ་རེད། དེ་དང་ཆབས་ཅིག་ལྗོངས་ནང་ཁུལ་དུ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་523ཡོད་པ་དེ་དག་ཚང་མ་ནས་ཆ་རྐྱེན་འཛོམས་པའི་ལྗོངས་ཕྱིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྣ་སྨན་ཁང་དུ་བསྡད་པའི་སྨན་རིན་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་རྒྱག་ཆོག་གི་ཡོད་པ་རེད།

དེ་དང་ཆབས་ཅིག འགན་བཅོལ་ནང་ཞུགས་མཁན་མི་སྣར་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་དེ་བས་སྟབས་བདེ་དང་ཕན་པ་ཐོབ་ཆེད། རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APPདང་ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་གི་བྱ་རིམ་ཆུང་གྲས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་དྲ་ཕྱི་ནས་དྲ་ཐོག་ཏུ་མགྱོགས་མྱུར་ཐོ་འགོད་སྙན་སེང་བྱེད་པ་དང་འབྲེལ་ཐོ་འགོད་བརྒྱུད་རིམ་དང་། སྨན་བཅོས་འགན་བཅོལ་གཅིག་གྱུར་གྲབས་གསོག་ས་ཁུལ། གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་འདྲི་རྩད་ཐུབ་ནས་དེ་སྔ་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་སྐྱོད་སྐབས་འགྲོ་ལུགས་མང་པོ་གཉེར་དགོས་པའི་གནས་ཚུལ་མེད་པ་བཟོས་ཏེ“མང་ཚོགས་ཕར་འགྲོ་ཚུང་འོང་ཉུང་ཙམ་དང་ཆ་འཕྲིན་མང་ཙམ་གཏོང་པའི”དམིགས་ཚད་མངོན་འགྱུར་ཐུབ་ནས་འགན་བཅོལ་ནང་ཞུགས་མཁན་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།