ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་ལས་ཁང་གི་ཆེད་ལས་ཅན་གྱི་གཉེར་སྐྱོང་ལས་གམ་པའི་ལུག་ཁྲོམ་རར་བྲིན་ཁ་རྒྱུག་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བྲོ་བ་ཞིམ་པའི་གམ་པའི་ལུག་ཤ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་དང་གམ་པའི་ལུག་གསོ་ཚགས་བྱེད་པ་དེའང་གམ་པ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་སྒུལ་ནུས་སྦྱིན་པ།

ཉེ་བའི་ལོ་ཤས་རིང་། གམ་པ་རྫོང་གིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལ་བརྟེན་ནས་གམ་པའི་ལུག་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་ཐུབ་ཡོད། ཏང་རྩ་འཛུགས་ཀྱིས་ཁྲིད་སྟོན་དང་ཏང་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་དེ་མཉམ་ལས་ཁང་འཕེལ་རྒྱས་བཏང་ཞིང་། 95%ཡན་གྱི་མཉམ་ལས་ཁང་གི་ལས་འཛིན་དཔོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་། འཁོར་སྐྱོད་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཆེད་ལས་མཉམ་ལས་ཁང་གི་གཞུང་ལས་ཁང་འཛུགས་པ། མཉམ་ལས་ཁང་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁོངས་མི་ཡོངས་ཀྱི་ཚོགས་ཆེན་དང་། ལས་འཛིན་ལྷན་ཚོགས། ལྟ་ཞིབ་ལྷན་ཚོགས་སོགས་རྩ་འཛུགས་སྒྲིག་གཞི་འཛུགས་རྒྱུར་མཛུབ་ཁྲིད་བྱེད་པ། ནོར་དོན་དོ་དམ་དང་། ཁེ་ལྷག་བགོ་བཤའ། ཁོངས་མིའི་ཁེ་དབང་དང་འོས་འགན་སོགས་ཀྱི་དོན་ཚན་ཁ་གསལ་བཟོས་ནས་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱས་ཡོད།

གམ་པ་རྫོང་སྨོན་སྡེ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིཌ་སུ་སྨོན་སྡེ་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི“རྩྭ་འདེབས་ཚབ་རྨོའི”སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་བཞིན་ཡོད་པ་རེད། རྒོད་པས་སྒྲོག་འགྲེལ་ཉན་རྗེས་གསར་འགོད་པར“གཅིག་སྡུད་སྒྲོག་འགྲེལ་དེ་རིགས་ཕུད། སྒྲོག་འགྲེལ་པས་རྒྱུན་དུ་འབྲོག་དུད་ཀྱི་ཁྱིམ་དུ་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་བྱས་ནས་ང་ཚོར་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད། 2019ལོར་ངས་ལུག་95མ་རྐང་ནང་འཇོག་པའི་རྣམ་པའི་ཐོག་ནས་མཉམ་ལས་ཁང་ནང་ཞུགས་པ་ཡིན། ཏང་ཡོན་ལས་བྱེད་པས་ལས་ཀ་དྲང་པོ་དྲང་གཞག་བྱེད་ཀྱི་ཡོད་པས་ང་མཉམ་ལས་ཁང་ནང་ཞུགས་པར་བློ་བདེ་པོ་འདུག”ཅེས་བརྗོད།

གམ་པ་རྫོང་སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནི་གམ་པ་རྫོང་གི་མིག་སྔའི་ཆེས་སྒྲིག་འཛུགས་ཅན་དང་ཆེས་ཚད་ལྡན་ཅན་གྱི་རྒྱུད་འཕེལ་དང་རྒྱུད་སྲུང་མཉམ་ལས་ཁང་ཞིག་རེད། 2018ལོར་གཉེར་སྐྱོང་བྱས་པ་ནས་བཟུང་། མཉམ་ལས་ཁང་གིས་ཀྲི་པུའུ་ཁྲིད་སྟོན་དུ་བྱེད་པ་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས“གྲོང་ཚོའི་མཉམ་སྡེབ་དང་། ཏང་ཀྲི་པུའུ། མཉམ་ལས་ཁང་། མཉམ་ལས་ཁང་གི་ཁོངས་མི་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་བ་བརྒྱུད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོར་འབབ་འཕར་ཕྱུག་འགྱུར་གྱི་རེ་བ་མཐོང་ཐུབ་པ་བྱུང་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མ་མཉམ་ལས་ཁང་ནང་ཞུགས་ཡོད།

མིག་སྔར་གམ་པ་རྫོང་གིས་ལུག་གསོ་ཚགས་མཉམ་ལས་ཁང་གི་ལྷས་རར་གསོ་བའི་རྟེན་གཞི་19གསར་དུ་བསྐྲུན་པ་དང་། ལྷས་ར་8སྒྱུར་བཀོད་རིམ་སྤོར་བྱས་པ། གྲོང་ཚོ་5གཞིས་རྩེའི་པའེ་ཡ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སིའི་གསོ་ཚགས་རྟེན་གཞིར་ཞུགས་པ་བཅས་རེད། དེ་དང་ཆབས་ཅིག་སྲིད་འཛིན་གྲོང་ཚོ་29ཡི་དུད་ཚང་2368དང་མི་གྲངས་10135ཚང་མ་ས་གནས་དེ་གའི་གམ་པའི་ལུག་མཉམ་ལས་ཁང་ནང་ཞུགས་ནས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཞིང་འབྲོག་པའི་ཏང་ཡོན། མཐར་ལུས་དུད་ཚང། དུད་ཚང་དབུལ་པོ། དབང་པོ་སྐྱོན་ཅན་བཅས་མཉམ་ལས་ཁང་དུ་ཞུགས་ཚད་100%ཟིན་ཡོད།

ཐོན་ལས་རིམ་སྤོར་བྱས་པ་ལས་འཕེལ་རྒྱས་བྱུང་བ།

ཀྲུང་གོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་གམ་པའི་ལུག་གི་ཡན་ལག་དང་ཉིང་ལག་ཡིན་པའི་གུར་མེ་ཤང་གི་ལུག་ནག་པོའི་ཤའི་བྲོ་བ་ཞིམ་པ་དང་། སྤྲི་དཀར་འདུས་ཚད་མཐོ་བ། ཚིལ་ཉུང་བ། བལ་འཇམ་པ། ཚོས་གཞི་དམིགས་བསལ་ཡིན་པ་བཅས་ཀྱི་ལེགས་ཆ་ལྡན་པས་དེ་ནི་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི“ཕྱུག་འགྱུར་ལུག”ཅིག་རེད།

“2019ལོའི་ཟླ་གསུམ་པར་གུར་མེ་ཤང་གི་ལུག་ནག་ཞིང་པའི་ལུག་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ལོ་དེར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་52.6ལས་མེད་པ་དང་ལོ་མཇུག་ཏུ་དུད་ཚང་46ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་12ཀྱང་ཟིན་གྱི་མེད” ཅེས་གུར་མེ་ཤང་ལུག་ནག་ཞིང་པའི་ལུག་གསོ་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་གནམ་རྒོད་ཀྱིས་གསར་འགོད་པར་བཤད།

2020ལོར་སླེབས་སྐབས་མཉམ་ལས་ཁང་གིས་དུས་ཐུང་རྒྱགས་གསོ་དང་རྒྱུད་བཟང་ཁྱབ་གདལ་བཏང་བ་བརྒྱུད། ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་106ཟིན་ནས་ལོ་མཇུག་ཏུ་ཁེ་སྤོགས་སྒོར་ཁྲི་26.6བགོ་རྒྱུ་བྱུང་བ་དེ་ལོ་གོང་མ་ལས་ལྡབ་གཅིག་འཕར་ཡོད་པ་རེད།

ལང་ཀུའེ་ཡིས་ཆེད་ལས་གསོ་ཚགས་ལག་རྩལ་མི་སྣ་གདན་དྲངས་ནས་གསོ་ཚགས་ལག་རྩལ་ལ་མཛུབ་ཁྲིད་བྱས་པ་བརྒྱུད། མཉམ་ལས་ཁང་གི་མ་མོར་ད་ཆ་ལོ་གཉིས་ལ་ལུ་གུ་གསུམ་སྐྱེ་ཐུབ་ཀྱི་ཡོད། 2021ལོའི་ཟླ་11པའི་བར་མཉམ་ལས་ཁང་དེའི་ལོ་འཁོར་མོའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་129ཙམ་ཟིན་ཡོད།

“གོམ་སྟབས་རྗེས་མར། ང་ཚོས་རྒྱུད་བཟང་སྐྱེད་སྲིང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཕྱུགས་ཁྱུའི་གྲུབ་ཆ་ལེགས་སུ་གཏོང་བ།‘གམ་པའི་ལུག’གི་གཞི་རྩའི་གསོ་ཚགས་ལག་རྩལ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱུད་གཙང་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན”ཞེས་གུར་མེ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་སྟོབས་རྒྱལ་དབང་ཕྱུག་གིས་གསར་འགོད་པར་བཤད།

ཐོན་ལས་ཕྱུག་འགྱུར་ཡོང་བར་ཐབས་ལམ་ཡོད་པ།

སྐལ་བཟང་འཕྲིན་ལས་ནི་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་གྲོང་མི་ཡིན་ཞིང་། ན་ནིང་ཟླ་5པར་སྐལ་བཟང་འཕྲིན་ལས་དང་གྲོགས་པོས་རྫོང་དུ་ཨར་སྐྲུན་ཀུང་སི་ཞིག་བཙུགས་ནས་གཙོ་བོ་ལས་ཡུལ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འགན་འཁུར་གྱི་ཡོད་པར་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་ཡོད།

“ང་རང་ལ་སྔ་ས་ནས་ལས་གཏོད་བྱེད་པའི་བསམ་བློ་ཡོད། འོན་ཀྱང་ཁྱིམ་གྱི་ལུག་ཁོ་ནར་མགོ་འཁོར་ནས་རྫོང་གྲོང་དུ་ལས་ཀ་བྱེད་པར་འགྲོ་ཐུབ་མ་བྱུང་། ལོ་གཅིག་ནང་ཕྱུགས་འཚོ་བའི་ཡོང་འབབ་སྒོར་ཁྲི་1ཙམ་ལས་མི་འདུག་པས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བྱུང”ཞེས་བཤད། སྐལ་བཟང་འཕྲིན་ལས་ཀྱིས“མཉམ་ལས་ཁང་བཙུགས་པ་ནས་བཟུང་། གྲོང་ཚོ་དེ་ཡོངས་ཀྱི་ལུག་6100མཉམ་དུ་འཚོ་བ་དང་ལོ་མཇུག་ཏུ་ད་དུང་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད། ང་རང་ཡང་རྫོང་གྲོང་དུ་གླ་པ་བྱེད་པར་འགྲོ་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་ལུག་གཙོ་བོར་བྱེད་པ་དང་ཁྲོམ་ར་སྟོན་ཕྱོགས་སུ་བྱེད་པའི་གཉེར་སྐྱོང་འདུ་ཤེས་གཞིར་བཟུང་། མ་རྐང་ལ་གཞིགས་ནས་ཐོབ་ཆ་བགོ་བའི་ལམ་སྲོལ་སྤྱད་དེ་2020ལོར་མཉམ་ལས་ཁང་ལ་ཁྱོན་ཡོང་འབབ་སྒོར་ཁྲི་223ལྷག་ཙམ་བྱུང་བའི་ནང་། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི་132ལྷག་ཙམ་ཟིན་པ་དང་། ཡོང་འབབ་གཞན་དག་སྒོར་ཁྲི་104ལྷག་ཙམ་ཟིན་པ། ཁེ་ལྷག་སྒོར་ཁྲི་90ཟིན་པ་བཅས་བྱུང་ནས་དངུལ་སྨར་ཁེ་སྤོགས་སྒོར་ཁྲི་37.32བགོས་ཡོད།

ད་ཆ་གམ་པ་རྫོང་གིས་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་དཔེ་སྟོན་རྫོང་དང་པོ་གཏོད་འཛུགས་ཀྱི་ལས་དོན་ལེགས་གྲུབ་ཟིན་ཞིང་། མིག་སྔར་ཞིང་འབྲོག་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་25ཡོད་པ་དང་། མཉམ་ལས་ཁང་གི་གཞི་ཁྱོན་ཅན་དང་། རྩ་འཛུགས་ཅན། ཚད་ལྡན་ཅན་བཅས་ལ་འཕེལ་རྒྱས་ངེས་ཅན་བྱུང་ཡོད། 2019ལོ་ནས་བཟུང་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི་2256བགོས་ཡོད།

2021ལོར་གམ་པའི་ལུག་བོད་ཀྱི་སའི་གོ་ལའི་སྣེ་གསུམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ལེགས་འདེམས་ལས་སྟེགས་སུ་བདམས་ཤིང་། དུས་དེ་ནས་བཟུང་གམ་པའི་ལུག་གི་སྤུས་རྟགས་ཐོན་རྫས་དེ་བོད་ཀྱི་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གམ་པ་རྫོང་དང་མཉམ་འབྲེལ་ཐོག་ས་ཁམས་མཚོན་རྟགས་ལྡན་པའི་ཐོན་རྫས་ཀྱི་ཚད་གཞི་གསར་པར་བཏོད་ཡོད། 2021ལོའི་ཟླ་12པའི་ཟླ་འགོར“གློག་རྡུལ་ཐོབ་ཐང་ལག་ཁྱེར”ཡོད་པའི་གམ་པའི་ལུག་ཁྲི་1.1ལྷག་ཙམ་པེ་ཅིང་དང་། ཐན་ཅིན། ཧུའུ་ནན་སོགས་སུ་བཙོངས་པར་ལྗོངས་ཕྱིའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།