ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ལས་གཞི་སྒྱུར་བཀོད་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རིང་། ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་རོང་འབྲོག་པའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། “མ་ཡུམ་ཁྲོན་པ”སོགས་གཅིག་སྡུད་སྒོས་ཆུ་མཁོ་འདོན་གྱི་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་ཡོད། མིག་སྔའི་བར། བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་སྟེ། རོང་འབྲོག་པ་ཁྲི200ལྷག་ལ་ཕན་ཐོགས་ཡོད།

རང་འབབ་ཆུ་སྤྱོད་མགོ་ཚུགས་པ་ནས་བཟུང་ལྗོངས་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མང་ཚོགས་མི་ཉུང་བ་ཞིག་གིས་གོས་འཁྲུད་འཕྲུལ་ཆས་དང་ཉི་ནུས་ཆུ་སྲོ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་ཉོས་པས། འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་པ་མ་ཟད། བདེ་ཐང་འཕྲོད་བསྟེན་གྱི་འདུ་ཤེས་ཀྱང་ཇེ་དྲག་ཏུ་ཕྱིན་ཡོད། ས་ཆ་ཁ་ཤས་སུ་ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད་གཞི་གཅིག་ཅན་དུ་སྒྱུར་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་ལ་སྒྱུར་བཀོད་ནུས་ལྡན་ཐུབ་པ་དང་མཛེས་སྡུག་ལྡན་ཤིང་འཚོ་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་ཡང་ཐེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར43.24བཏང་ནས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི17581སྒྱུར་བཀོད་རིམ་སྤོར་བྱས་ཡོད། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཞན་ཀྲུང་གིས་རྗེས་མར་བོད་ལྗོངས་ཀྱིས་གཞི་ཁྱོན་ཅན་གྱི་གཅིག་སྡུད་ཆུ་འདོན་ལས་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འདོན་མདོང་ལམ་ཉེ་འཁོར་གྱི་གྲོང་གསེབ་ཏུ་སྣུར་སྲིང་བྱས་ཏེ། མང་ཚོགས་སྔར་བས་མང་བོར་བདེ་འཇགས་ཀྱི་ཆུ་དང་། བློ་བདེའི་ཆུ། དྭངས་གཙང་གི་ཆུ་བཅས་འཐུང་དུ་འཇུག་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།