ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱིས2022ལོའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། 2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བའི་ཚོགས་འདུ་ལྷ་ས་རུ་བསྡུས་པ་དང་། ཚོགས་འདུའི་སྟེང་2021ལོའི་བོད་ལྗོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། 2022ལོའི་འཕྲལ་བསྟུན་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་བྱ་བ་གཙོ་བོ་དང་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། 

ཚོགས་འདུའི་སྟེང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་བྱ་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་མཐོར་བཏང་སྟེ། དུས་རབས་གསར་བའི་འཕྲལ་བསྟུན་དོ་དམ་བྱ་བའི་གལ་ཆེན་རང་བཞིན་ངོས་འཛིན་ཡང་དག་བྱས་ནས། ཐོག་མཐའ་བར་གསུམ་དུ“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། འཕྲལ་བསྟུན་དོ་དམ་ལམ་ལུགས་ཀྱི་བཅོས་བསྒྱུར་གསར་གཏོད་དང་ལྗོངས་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་དང་བྱེད་ནུས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་འཕྲལ་བསྟུན་ཆེན་པོ་དང་གནས་འཚེ་ཚབས་ཆེན་གྱི་སྔོན་འགོག་དང་མྱུར་སྐྱོར་བྱ་བ་ལེགས་པོར་སྒྲུབ་པར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་བྱེད་པ་དང་། རང་བྱུང་གནོད་འཚེའི་སྔོན་འགོག་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་སྟེ། “ཏན་ཏིག་བདུན་དང་མངོན་འགྱུར་གཅིག”གི་དམིགས་འབེན་བརྩོན་ལེན་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།