ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མལ་གྲོ་གུང་དཀར་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་གི་རྒྱ་ཁྱོན་འགན་ལེན་དང་ཐོན་ཚད་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ་རེད།

ཉེ་ཆར། གསར་འགོད་པ་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས། ཚང་མས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་པ་མཐོང་བ་སྟེ། ལས་མིས་ས་འདྲུ་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་བཏང་ནས་ས་ཁོད་སྙོམས་པ་དང་འགྲོ་ལམ་ཉམས་གསོ་བྱེད་པ་དང་། མང་ཚོགས་ཀྱི་འཐུས་མིས་ཨར་ལས་བྱེད་སར་ལྟ་སྐུལ་བྱེད་བཞིན་འདུག

དགུན་ཁ་ཤར་བ་ནས་བཟུང་མལ་གྲོ་གུང་དཀར་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ནང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་དེ་གྲོང་གསེབ་དར་རྒྱས་དང་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྫོང་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་བསྡོམས་མ་དངུལ་སྒོར་ཁྲི་8995.47བཏང་ཞིང་། 2020ལོ་ནས་2022ལོ་བར། མལ་གྲོ་གུང་དཀར་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8.5འཛུགས་སྐྲུན་བྱ་རྩིས་ཡོད། འཛུགས་སྐྲུན་བྱ་ཡུལ་ནི་གུང་དཀར་གྲོང་རྡལ་དང་། བཀྲ་ཤིས་སྒང་ཤང་། ཐང་སྐྱ་ཤང་། རྒྱ་མ་ཤང་། ཉི་མ་ལྕང་རྭ་ཤང་། རྩ་ཞོལ་ཤང་བཅས་ཡིན་པ་དང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་ཞིང་ལས་དང་། ཆུ་བེད། ཞིང་ནང་འགྲོ་ལམ། ནགས་ལས་སོགས་རེད། 2022ལོར་མལ་གྲོ་གུང་དཀར་རྫོང་གིས་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་དེ་གོ་སྐབས་སུ་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ནན་པོ་འཁུར་བ། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བཅས་བྱས་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཐུབ་པ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།