ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་འཕྱོངས་རྒྱས་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེའི་ཤང་དབྱང་དུ་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་བྱེད་པར་བསྐྱོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཐེམ་ཁུངས་ལྷོ་ཁ་འཕྱོངས་རྒྱས་རྫོང་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཤང་དབྱང་དུ་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་བྱེད་སྒོ་མཇུག་འགྲིལ་ཞིང་། ཐེམ་ཁུངས་འཕྱོངས་རྒྱས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་12ཀྱིས་ཉིན་30ཡི་རིང་སློབ་སྦྱོང་ཧུར་ཐག་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་བདེ་བླག་ངང་ལོག་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་རྒྱལ་ཡོངས་ཀྱི་ལས་ཞུགས་དུས་བབ་ལ་དབྱེ་ཞིབ་བྱས་པ་མ་ཟད། བོད་དང་། ཤང་དབྱང་། འཕྱོངས་རྒྱས་རྫོང་བཅས་ཀྱི་ལས་ཞུགས་གཟིགས་སྐྱོང་སྲིད་ཇུས་ལ་དབྱེ་ཞིབ་ཀྱང་བྱས་པ་རེད། ལས་རིགས་འཇོན་ཐང་གི་ཕུགས་ཀྱི་འཆར་འགོད་ཡོད་ལ་རང་རྟེན་ལས་གཏོད་དང་དངོས་སྤྱོད་རྩལ་ནུས་ཀྱི་ངོ་རྒྱུགས་ཀྱང་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འཆད་ཁྲིད་བྱས་པ་མ་ཟད། ཤང་དབྱང་དུ་ལས་ཞུགས་བྱས་པའི་འཕྱོངས་རྒྱས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་འཐུས་མིས་སློབ་མ་ཚོར་ལས་ཞུགས་ཀྱི་མྱོང་ཚོར་ཡང་གླེང་བ་རེད། བྱེད་སྒོ་སྤེལ་རིང་མཐོ་སློབ་སློབ་ཐོན་སློབ་མ་12ཀྱིས་ད་དུང་ཧུའུ་པེ་ཐེན་ཡའོ་ཚོགས་པ་དང་ལས་གཏོད་གསོ་སྦྱོང་ལྟེ་གནས་སོགས་ཁེ་ལས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཐབ་ས་དང་པོར་ལྟ་སྐོར་བྱས་པ་རེད།

སློབ་མ་པད་མ་བཀྲ་ཤིས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་གི་དུས་ཚོད་ཐུང་ཐུང་ཡིན་མོད། འོན་ཀྱང་སྔོན་ཐོན་གྱི་བསམ་བློ་དང་ལག་རྩལ་མང་པོ་ཤེས་ནས་མི་རིགས་མཐུན་སྒྲིལ་ཆེ་མོའི་སྟོབས་ཤུགས་རླབས་པོ་ཆེར་མྱོང་ཚོར་དངོས་འབྲེལ་ཐུབ་བྱུང་ཞེས་བཤད་པ་རེད། ཁོང་གིས་ཤང་དབྱང་དུས་རབས་ཐེན་ཡུས་དོ་དམ་བློ་འདྲི་ཚད་ཡོད་ཀུང་སི་དང་ཡུན་རིང་ལས་ཞུགས་ཀྱི་གྲོས་མཐུན་བཞག་པ་རེད།

ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རུ་སྣེ་ཁྲིད་མཁན་ཁྲེན་ཡུང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་འཕྱོངས་རྒྱས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཤང་དབྱང་གྲོང་ཁྱེར་དུ་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་ནས་སློབ་མ་ཚོའི་ལས་ཞུགས་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པ་དང་ཐེམ་ཁུངས་འཕྱོངས་རྒྱས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཤང་དབྱང་དུ་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་གྱིས་ས་གནས་གཉིས་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་རྣམ་པ་རྒྱ་ཆེར་གཏོང་རྒྱུ་དེ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།