ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཉིང་ཁྲི་གྲོང་རྡལ་གྱི་ཐོན་ལས་ཀྱིས་ལམ་བུ་བཏོད་དེ་གྲོང་གསེབ་འཕེལ་རྒྱས“མྱུར་བགྲོད་ལམ་བུའི”སྟེང་བསྐྱོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་སྐོར་ཞིག་ལ་སྐུལ་འདེད་བཏང་བ་དང་། ཞིང་ཞོར་ཐོན་རྫས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་ལ་སོགས་ཉིང་ཁྲི་གྲོང་རྡལ་གྱི་ཁྲོམ་གཞུང་དང་སྲང་ལམ་གང་སར་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་ཚོར་ཐུབ་པ་རེད།

ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱིས་དཔེ་མཚོན་སྣེ་ཁྲིད་དང་ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱས་ནས། ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་གྱི་མ་དཔེ་སྐོར་ཞིག་ཧུར་ཐག་གིས་བཏོད་དེ། གྲོང་གསེབ་ཐོན་ལས་ཀྱི“རང་བརྟེན”ནུས་པ་ཆེ་རུ་བཏང་ཤིང་། གནས་གཅིག་ཁྱོན་འཁྲིད་དང་། ཆ་ཤས་ནས་ཁོངས་ཡོངས་བར་གཙོ་གནད་ཚད་བརྒལ་གྱིས་སྤྱི་ཡོངས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ། ཉིང་ཁྲི་གྲོང་རྡལ་གྱི་གྲོང་གསེབ་དར་སྤེལ་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་བཏང་བ་རེད།

དེ་རིང་ངའི་ལག་ཏུ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོས་བའི་སྒོར5880ཐོབ་ཡོད་པ་མ་ཟད། གླིང་ཁ་ནས་ངལ་ལས་བྱས་པའི་གླ་ཆ་སྒོར1860ཡང་འབྱོར་ཡོད། ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་སྲིད་ཇུས་བཟང་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་གི་མགོ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོདཅེས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་གྲོང་མི་པད་མ་ཤེས་རབ་ཀྱིས་དགའ་སྣང་ཆེན་པོས་བཤད།

གྲོང་གསེབ་དར་སྤེེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་གཙོ་གཞིར་བྱས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཞིང་། 2020ལོའི་ཟླ4པར་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས་ཏང་ཀྲི་པུའུ་དང་ཞིང་དུད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། “སྤྲིན་པ་གཡང་སྐྱིད་གླིང་ཁ”ཞེས་པའི་ཞིང་དུད་སྤྲོ་སྐྱིད་ཁང་གི་རྣམ་གྲངས་བསྐྲུན་པ་རེད། 2021ལོ་ནས་བཟུང་། རྣམ་གྲངས་དེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི47.64ལྷག་ཟིན་པ་དང་། ཞིང་དུད45ཞུགས་པའི་དུད་ཚང་རེར་ཁེ་སྤོགས་སྒོར5880བགོ་བཤའ་རྒྱག་རྒྱུ་ཡོད། 2021ལོའི་ཟླ་དགུ་པར་བསྐྲུན་ཟིན་པའི་མི་དངོསCSརོལ་རྩེད་དང་ཁ་ཏིང་རླངས་འཁོར་རྩལ་འགྲན་ཉམས་ལེན་ར་བར་ད་བར་ཡོང་འབབ་སྒོར་ཁྲི3ལྷག་བྱུང་ཡོད།

ཀླུ་སྟེང་གྲོང་ཚོར་གནས་པའི་ཡར་འབུམ་སྐྱེ་ཁམས་ཞིང་ལས་ཡུལ་སྐོར་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་སླེབས་པའི་ཚེ། ཞོགས་པ་སྔ་མོ་ནས་མཉམ་ལས་ཁང་གི་ལས་དོན་མི་སྣས་བྲེལ་འཚུབ་ཆེན་པོས་ཀླུ་སྟེང་བོད་སྒོང་དང་། ཉང་ངུ་ཀུ་ཤུ བཀྲ་སྣེ་མར་སོགས་ཐོན་རྫས་ལ་ཐུམ་བརྒྱབ་བཞིན་ཡོད།

“མཉམ་ལས་ཁང་ནི2020ལོའི་ཟླ10བར་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་རོང་འབྲོག་དུད་ཚང69མཉམ་ལས་ཁང་གི་ཚོང་གཉེར་ནང་ཞུགས་ཡོད། 2021ལོའི་སྟོན་དུས་ནས་བཟུང་། མཉམ་ལས་ཁང་གིས་མང་ཚོགས་ལ་རོགས་རམ་བྱས་ཏེ་ཀུ་ཤུ་རྒྱ་མ་ཁྲི1ལྷག་བཙོངས་པར་ཡོང་འབབ་སྒོར་ཁྲི5ལྷག་ཡོད”ཅེས་ཀླུ་སྟེང་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས།

རང་བྱུང་ཐོན་ཁུངས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ་མ་ཟད། ཉིང་ཁྲི་གྲོང་རྡལ་གྱིས་ད་དུང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཉིང་ཁྲི་གྲོང་རྡལ་གྱིས་ཀླུ་སྟེང་གྲོང་ཚོའི“རྒྱལ་དར་གཅིག”གི་འབྲེལ་ཡོད་གཏམ་རྒྱུད་སྔོག་འདོན་བྱས་ནས“གསར་བརྗེའི་གཏམ་རྒྱུད”འགྲེམས་སྟོན་ཚོམས་ཆེན་བཏོད་པ་དང་། བོད་གསར་རྙིང་བསྡུར་བའི་འགྲེམ་པང་དང་། “རྒྱལ་དར་གཅིག”གི་གྱང་རིས། གློག་བརྙན《ཞིང་བྲན》སོགས་འགྲེམས་སྟོན་བྱས་པ་བརྒྱུད། ནང་དོན་ཕུན་སུམ་ཚོགས་ལ་སློབ་གསོའི་དོན་སྙིང་ཟབ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཧུར་ཐག་བཏོད་པ་རེད། དེ་དང་ཆབས་ཅིག གནས་བཟང་བོན་རིའི་མཛེས་ལྗོངས་ཁུལ་དང་རྒྱལ་དར་འཚེམ་དྲུབ་ཀྱི་བྱ་འགུལ་ལ་བརྟེན་ནས་ཏང་ཡོན་གྱིས་གྲོང་མི་དང་ཡུལ་སྐོར་བའི་སྣེ་ཁྲིད་དེ། གྲོང་ཚོ་ཡོངས་དང་གྲོང་རྡལ་ཡོངས། ཐ་ན་བྲག་ཡིབ་ཆུས་སུ་གསར་བརྗེའི་ཡུལ་སྐོར་དུས་ཆེན་སྤེལ་ཏེ། གསར་བརྗེའི་ཐོན་ཁུངས་དང་རང་བྱུང་མཛེས་ལྗོངས་ཟུང་འབྲེལ་གྱིས་གསར་བརྗེའི་ཡུལ་སྐོར་ཟོང་རྟགས་བཏོད་ཡོད།

ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཡིན་ཞིང་། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་དང་། དམངས་ཕན་ཕན་འབྲས་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་དགོས། རྗེས་མར་ང་ཚོས་ཆུ་འཁོར་གྲོང་ཚོའི‘མེ་ཏོག་གི་རྒྱ་མཚོ’དང་། མདའ་ར་སོགས་ལ་བརྟེན་ནས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་བཏོད་དེ། རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱ་རྒྱུ་དེ་རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་གཞི་རྟེན་དུ་བསྒྱུར་རྒྱུ་དང་། སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་དང་གྲོང་གསེབ་དར་སྤེལ་གཏོང་བར་རོགས་རམ་བྱ་རྒྱུ་ཡིནཞེས་ཉིང་ཁྲི་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དབྱང་ཡེ་ཡིས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།