ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དམིགས་ས་དང་ཤུགས་རྒྱག་སར་བྱེད་པ་དང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཐོན་ལས་དབུལ་སྐྱོར་གྱི་ཞན་ཆ་སེལ་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་བ་རེད།

《ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་དབུལ་སྐྱོར་འཆར་འགོད》དང《ཆབ་མདོ་གྲོང་ཁྱེར་གྱི་ཤིན་ཏུ་དབུལ་བའི་ཐོན་ལས་དབུལ་སྐྱོར་འཆར་འགོད》གཞིར་བཟུང་། གྲོང་ཁྱེར་ཡོངས་སུ་ཁྱོན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་852འཆར་འགོད་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་108.93བཏང་ཡོད། མིག་སྔའི་བར། རིམ་རྩིས་ལྟར་ན་རྣམ་གྲངས་851ལས་འགོ་ཚུགས་པ་དང་རྣམ་གྲངས་824ལས་མཇུག་འགྲིལ་བར་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་93.13བཏང་ཡོད། ཐོན་ལས་རྣམ་གྲངས་བརྒྱུད་འབབ་འཕར་སྒོར་དུང་ཕྱུར་4.99བྱུང་བ་དེ་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་5.5ལྷག་ཙམ་གྱི་མི་ཁྲི་19.9ལྷག་ཙམ་ལ་ཁྱབ་པ་དང་། རིམ་རྩིས་ལྟར་ན་མི་ཁྲི་2.68ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་པ་དང་། རིམ་རྩིས་ལྟར་ན་ཐོན་ལས་ཀྱི་ཁེ་སྤོགས་སྒོར་དུང་ཕྱུར་1.66ལྷག་ཙམ་ཟིན་ཡོད་པ་རེད།

དེ་དང་དུས་མཚུངས། 《ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཟོས་ནས་བཏོན་ཏེ་“7+”ཐོན་ལས་དབུལ་སྐྱོར་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཁྱབ་གདལ་ཧུར་ཐག་བཏང་བ་དང་། ཐོན་ལས་དུད་ཚང་ལ་ཁྱབ་པ་དང་། ཁེ་ལས་ཀྱིས་ཞིང་དུད་ལ་སྐུལ་ཁྲིད་བྱེད་པ། མ་རྐང་གི་ཁེ་སྤོགས་བགོ་བཤའ་རྒྱག་པ། རྒྱུ་ནོར་གྱི་ཡོང་འབབ། མཉམ་ལས་ཁང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ་སོགས་ཐོན་ལས་མང་དག་ཅིག་མཉམ་འབྲེལ་བྱེད་ཐབས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་བརྟན་པོ་དང་། དམ་ཟབ། གཉིས་ཁེ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་གྱི་རྣམ་གྲངས་ཁག་834བསྐྲུན་པར་མང་ཚོགས་ཁྲི་19.9ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།